IBM360རབས་གསུམ་པའི་གློག་ཀླད་ཀྱིས་རྒྱས་སྤྲོས་རྒྱན་འགྱེད་ཁྲོད་དུ་གཟུགས་བརྙན་བསྟན་པ།

2026-07-07
330

"IBM360གི་ཡབ"ཨ་མུའུ་ཏཱ་ཨར། 1995ལོར། ཨ་རིའི་བྱ་དགའི་སྒོར་མོ་ཆེས་མང་བའི་པའོ་ཨར་ཚན་རིག་བྱ་དགའ་དེ་ཐོག་དང་པོར་རྩིས་འཁོར་གྱི་ཚན་པ་ཞིག་སྟེ་པུའུ་ལུའུ་ཁི་སི་ལ་ཐོབ། དུས་རབས20པའི་ལོ་རབས60པའི་ཚུན་དུ། ཨ་མུའུ་ཏཱ་ཨར་དང་འདྲ་བར་པུའུ་ལུའུ་ཁི་སི་ལའང"IBM360ཡི་ཡབ"ཅེས་པའི་མཚན་གསོལ་ཡོད།

དུས་ཡུན་ལོ4རིང་གི་ཞིབ་འཇུག་གསར་སྤེལ་བརྒྱུད་དེ་བུད་པའིIBM360དེ། རྩིས་འཁོར་རབས་གསུམ་པ་སྒོ་ཀུན་ནས་ཚོང་རར་ཐོན་པའི་མཚོན་རྟགས་སུ་གྲུབ་ཅིང་། དེ་ནིIBMཡི་ལོ་རྒྱུས་སྟེང་དུ་ཆེས་ཕུན་སུམ་ཚོགས་པའི་རྩིས་འཁོར་རིགས་ཤིག་ཀྱང་ཡིན།

གློག་ཀླད་ཀྱི་ལོ་རྒྱུས་ནིIBMཡི་ལོ་རྒྱུས་ཡིན། རྒྱུ་མཚན་ནི་གློག་རྡུལ་ལྷུ་ཆས་ཀྱིས་དབྱེ་བ་བཀར་བའི་གློག་ཀླད་རབས་བཞི་ཡོད་པ་ལས། སྔོན་མའི་རབས་གསུམ་ནི་མངོན་གསལ་འཆུགས་མེད་སྒོསIBMསྤྱི་གཉེར་ཁང་གི་གློག་ཀླད་དེ"རབས་མཚམས"ཐོན་རྫས་ཀྱི་མཚོན་རྟགས་སུ་བཀོད་ཡོད་པས་རེད། IBM360ཞིབ་འཇུག་གསར་བཟོ་བྱས་ཏེ་ལེགས་འགྲུབ་བྱུང་བ་དེ་འདུས་གྲུབ་གློག་ལམ་འབོར་ཆེན་བཀོལ་སྤྱོད་བྱས་པའི་གློག་ཀླད་རབས་གསུམ་པ་དེ་དངོས་སུ་ལོ་རྒྱུས་ཀྱི་གར་སྟེགས་སུ་བུད་པའི་མཚོན་རྟགས་སུ་གྲུབ། གློག་ཀླད་རབས་གསུམ་པ་དེ་ཞིབ་འཇུག་གསར་བཟོ་བྱེད་པའི་སྟེང་དུ་བཀོལ་བའི་འགྲོ་སོང་བསྡོམས་འབོར་ནི་ཨ་སྒོར་དུང་ཕྱུར50ཡིན་ནོ།

དུས་ད་ལྟའི་བར་དུ། རྩིས་འཁོར་ཡར་རྒྱས་གོང་འཕེལ་གྱི་བརྒྱུད་རིམ་གྱིས་བསྡོམས་པས་དུས་རབས་རིམ་པ་བཞི་བརྒྱུད་ཡོད་པ་སྟེ། དེ་ནི་སོ་སོར་གློག་སྦུག་རྩིས་འཁོར་དང་། བདར་གཟུགས་སྦུ་གུའི་རྩིས་འཁོར། གཞི་ཁྱོན་འབྲིང་ཆུང་གི་འདུས་གྲུབ་གློག་ལམ་སྤྱད་པའི་རྩིས་འཁོར། གཞི་ཁྱོན་ཆེན་པོ་དང་ཚད་བརྒལ་གཞི་ཁྱོན་ཆེན་པོའི་འདུས་གྲུབ་གློག་ལམ་སྤྱད་པའི་རྩིས་འཁོར་བཅས་ཡིན་ཞིང་། དེའི་ནང་ནསIBM360ནི་རབས་གསུམ་པ་ཡིན།

IBMཞེས་པ་ནི་རྒྱལ་སྤྱིའི་ཚོང་སྤྱོད་འཕྲུལ་ཆས་སྤྱི་གཉེར་ཁང་གི་མིང་དབྱིན་ཡིག་གི་བསྡུས་བྲིས་ཡིན་ཞིང་། 1924ལོར་ཨ་རིའི་མི་ཐུའོ་མ་སི·ཝོ་སིན་གྱིས་གསར་འཛུགས་བྱས་པ་རེད། 1956ལོར་དགུང་ལོ82ལ་སོན་པའི་ཝོ་སིན་རྒན་པ་འཇིག་རྟེན་མི་ཡུལ་དང་བྲལ་བས། ཁོང་ཉིད་ཀྱི་བུ་རྒན་པ་ཝོ་སིན་ཆུང་བསIBMསྤྱི་གཉེར་ཁང་གི་སྤྱི་གཅོད་པའི་འགན་དངོས་སུ་མཐུད་འཛིན་བྱས།

1961ལོའི་ཟླ12པའི་ཚེས28ཉིན། IMBཡིས་རིང་ཚད་ལ་ཤོག་གྲངས8ཡོད་པའི་སྙན་ཞུ་ཞིག ——IBM360མ་ལག་གི་གློག་རྡུལ་རྩིས་འཁོར་ཞིབ་འཇུག་གསར་བཟོའི་འཆར་གཞི་ཡོངས་འགྲུབ་བྱས། གློག་ཀླད་མ་ལག་གསར་པ་དེར་མིང་འདོགས་པའི་སྐོར་ལ་ཐུའོ་མ་སི་ཆུང་བས་འདི་ལྟར་འགྲེལ་བཤད་བྱས་ཡོད་པ་སྟེ། 360ནི་འཇལ་གྲངས360འཁོར་བའི་དོན་ཡིན། གལ་ཏེIBMཡིས་ལམ་ཕྱོགས་བསྒྱུར་ཏེ། གློག་ཀླད་ལས་རིགས་ནས་ཕྱིར་བུད་དེ་མེ་ཤུགས་འཕུར་མདའ་བཟོ་བའི་དབང་དུ་བཏང་ན། དེ་ནི་འཇལ་གྲངས180ཡི་ཁ་ཕྱོགས་བསྒྱུར་བ་ཡིན། ད་ནི་འཇལ་གྲངས360ཡིན། དེ་གསལ་པོར་བཤད་ནIBM360ལ་རྒྱུན་སྲོལ་ལས་འདས་པའི་བྱ་སྤྱོད་ཆེན་པོ་ཡོད་ན་ཡང་ལས་རིགས་མི་བསྒྱུར་བར་ཕྱིར་རང་གནས་སུ་ལྡོག་པ་རེད། དུས་མཚུངས་སུ་དེས་གློག་ཀླད་བཟོ་ཚོང་ལས་རིགས་ནས་ཚན་རིག་ལས་རིགས་ཀྱི་སྒོ་ཀུན་ཏུ་བཀོལ་སྤྱོད་བྱེད་པའི་ཚབ་ཏུ་གྲུབ་པ་ལས་གཞན། IBMཡི་དགོངས་དོན——བཀོལ་བདག་ལ་སྒོ་ཀུན་ནས་ཞབས་འདེགས་ཞུ་བ་དེ་མངོན་པར་མཚོན་འདུག

ཞིབ་འཇུག་གསར་བཟོ་དེའི་འགྲོ་སོང་ཚོད་རྩིས་ལྟར་ན་ཨ་སྒོར་དུང་ཕྱུར5དང་། ཐོན་སྐྱེད་སྒྲིག་ཆས་ལ་ཨ་སྒོར་དུང་ཕྱུར10། འགྲེམ་འཚོང་དང་བོགས་གཡར་འགྲོ་གྲོན་སྔ་འདོན་གཏོང་བར་ཨ་སྒོར་དུང་ཕྱུར35བཅས་བསྡོམས་པས་ཨ་སྒོར་དུང་ཕྱུར50དགོས་པ་དེ་ནི། ཨ་རིས་རྡུལ་མདེལ་ཨང་དང་པོ་ཞིབ་འཇུག་གསར་བཟོ་སྟེ"མན་ཧ་ཏུན་ལས་གཞི"ལ་བཏང་བའི་འགྲོ་སྒོའི་ལྡབ2.5ཡིན་པས། ཨ་རིའི《ཧྥུ་པུའུ་སི》དུས་དེབ་ཀྱིས"IBM360ཡི་ཨ་སྒོར་དུང་ཕྱུར50ཡི་རྒྱས་སྤྲོས་རྒྱན་འགྱེད་ཆེན་པོ"ཞེས་སྐྲག་སྐད་བརྒྱབ་པ་རེད།

IBM360གི་ལས་གཞི་ཇུས་འགོད་ཀྱི་སྤྱི་གཉེར་པ་པུའུ་ལུའུ་ཁི་སིས་ཚན་ཆུང་བཞིའི་བྱ་བར་མཐུན་སྦྱོར་བྱེད་པའི་འགན་ཁུར་པ་དང་། དེའི་ནང་གི་ཚན་ཆུང་གསུམ་ལ་རབ་འབྱམས་པ་ཨ་མུའུ་ཏཱ་ཨར་གྱིས་མགོ་ཁྲིད་བྱེད་ཀྱིན་ཡོད། དགུང་ལོ40ཡིན་པའི་ཨ་མུའུ་ཏཱ་ཨར་གྱིས་དེ་སྔརIBM709དང་། IBM7030ཡི་ཇུས་འགོད་པའི་འགན་ཁུར་མྱོང་ལ། ཁོང་གིསIBM360ལ"འདྲེས་ཤོང"གི་གོ་དོན་ཐོག་མར་གསར་འདོན་བྱས་པས། ཕྱིས་སུ་ཁོང་ཉིད་ལ"IBM360གི་ཡབ"ཅེས་པའི་མཚན་གསོལ་ཡོད།

དེ་ཡང1964ལོའི་ཟླ4པའི་ཚེས7ཉིན། ཝོ་སིན་རྒན་པསIBMགསར་འཛུགས་བྱས་ནས་ལོ་འཁོར50ལོན་པའི་དུས་སྐབས་དེར། ཨ་སྒོར་དུང་ཕྱུར50ཡི་རྒྱས་སྤྲོས་རྒྱན་འགྱེད་ཆེན་པོ་དེ་ལ་ཡངIBM360རིམ་སྟར་གྱི་གློག་ཀླད་གྲུབ་འབྲས་སུ་ཐོབ་པ་སྟེ། བསྡོམས་པས་བཟོ་དབྱིབས་སྣ་ཁ6གི་དབྱིབས་ཆེ་འབྲིང་ཆུང་གསུམ་གྱི་གློག་ཀླད་དང་མ་ལག་ཆ་ཚང་སྒྲིག་པའི་སྒྲིག་ཆས་གསར་པ་རིགས་ 44ཡོད་པ་རེད། དེའི་ནང་ནས་བྱེད་ལས་ཅུང་ཟད་ཞན་པའི360/51རིགས་ཀྱི་རྩིས་འཁོར་ཆུང་གྲས་ནས་བྱེད་ལས51རིགས་ལས་ལྡབ500ཡོལ་བའི360/91རིགས་ཀྱི་རྩིས་འཁོར་ཆེ་གྲས་ཚང་མ"འདྲེས་ཤོང་རྩིས་འཁོར"འབའ་ཞིག་ཡིན། དེའི་རྗེས་ཀྱི་མི་ལོ5ཡི་རིང་ལ། IBM360གློག་ཀླད་བསྡོམས་པས32300སྒོར་བཙོངས་པས། གློག་ཀླད་བཙོངས་པའི་བྱས་རྗེས་ངོ་མཚར་ཆེན་པོ་བསྐྲུན་པར་མ་ཟད། མི་རྣམས་ཆེས་དགའ་བའི་གློག་ཀླད་དུའང་གྱུར་ཡོད།

1966ལོའི་ལོ་མཇུག་ཏུ། སྤྱི་གཉེར་ཁང་གི་ལོ་གཅིག་གི་ཡོང་སྒོ་ཨ་སྒོར་དུང་ཕྱུར40ལས་ཡོལ་བ་དང་། ཁེ་སྤོགས་རྐྱང་རྐྱང་ཨ་སྒོར་དུང་ཕྱུར10ལ་སླེབས་ཏེ་ཨ་རིའི་སྤྱི་གཉེར་ཁང་ཆེན་པོ་བཅུའི་གྲས་སུ་ཚུད་པས། "མི་དྲག་སྔོན་པོ"ཞེས་པའི་མཚན་གསོལ་ཡོད། །


  • 顶