གནམ་གྲུ་སྤ་སེ་ཡི་འབར་སྣུམ་ཟུར་སྣོན་གྲོན་དངུལ་གཅོག་རྒྱུ་རེད་འདུག

2026-07-07
368

ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་སོགས་མཁའ་འགྲུལ་ཀུང་སིས་ཟླ་7པའི་ཚེས་3ཉིན་སྤེལ་བའི་སྤྱི་བསྒྲགས་ལས་མངོན་པར། ཟླ་7པའི་ཚེས་5ཉིན་གྱི་ཆུ་ཚོད་0ནས་བཟུང་ཕྱིར་འཚོང་བྱས་པའི་ཀྲུང་གོའི་ནང་སའི་མཁའ་ལམ་གྱི་འགྲུལ་པའི་སྤ་སེ་ཡི་འབར་སྣུམ་ཟུར་སྣོན་གྲོན་དངུལ་གཅོག་རྒྱུ་ཡིན་པ་རེད།


དམའ་རུ་བཏང་རྗེས་ཀྱི་ཞིབ་ཕྲའི་ཚད་གཞི་ནི།


    མཁའ་ལམ་ལམ་ཐིག་སྤྱི་ལེ་800དང་དེ་མན་གྱི་མཁའ་ལམ་དུམ་བུ་རེར་སྒོར་50དང་། མཁའ་ལམ་ལམ་ཐིག་སྤྱི་ལེ་800ཡན་གྱི་མཁའ་ལམ་དུམ་བུ་རེར་སྒོར་100ཡིན་པ་རེད།


    ཕྲུ་གུ་དམར་འབྱར་འགྲུལ་པར་འབར་སྣུམ་ཟུར་སྣོན་གྲོན་དངུལ་བསྡུ་རྒྱུ་མིན་པ་དང་། བྱིས་པ་དང་། གསར་བརྗེའི་རྨས་སྐྱོན་ཕོག་པའི་དམག་མི། གཞུང་དོན་དུ་དབང་པོར་སྐྱོན་ཤོར་བའི་མི་དམངས་ཉེན་རྟོག་པ་བཅས་ཀྱི་འགྲུལ་པའི་སྤ་སེའི་འབར་སྣུམ་ཟུར་སྣོན་གྲོན་དངུལ་ཕྱེད་ཀ་གཅོག་རྒྱུ་ཡིན་པ་རེད།


    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་སྤྱོད་བཞིན་པའི་འབར་སྣུམ་ཟུར་སྣོན་གྲོན་དངུལ་གྱི་ཚད་གཞི་དང་བསྡུར་ན། སྤྱི་ལེ་800དང་དེ་མན་གྱི་མཁའ་ལམ་ལམ་ཐིག་ལ་སྒོར་30གཅོག་རྒྱུ་དང་། སྤྱི་ལེ་800ཡན་གྱི་མཁའ་ལམ་ལམ་ཐིག་ལ་སྒོར་50གཅོག་རྒྱུ་ཡིན་པ་རེད།


  • 顶