ཉེ་ཆར་ནོར་ཝེའི་གནའ་རྫས་རྟོག་ཞིབ་མི་སྣས་རྒྱལ་ཁབ་དེའི་ལྷོ་རྒྱུད་མཚོ་ཁོངས་ནས་དུས་རབས་18པའི་བྱིང་གྲུ་ཞིག་རྙེད་པ་དང་། གྲུ་ནང་ནས་ཉར་ཚགས་ཡག་པོ་བྱས་པའི་ཀྲུང་གོའི་དཀར་ཡོལ་འབོར་ཆེན་ཐོན་པ་དང་འབྲེལ་དེའི་མིང་ལ་“དཀར་ཡོལ་བྱིང་གྲུ་”ཞེས་བཏགས་པ་རེད། གནའ་རྫས་རྟོག་ཞིབ་མི་སྣས་དེ་སྔོན་ཡོ་རོབ་བྱང་མའི་ས་ཁུལ་དུ་བྱིང་གྲུ་རྩ་ཆེན་འདི་འདྲ་རྙེད་མྱོང་མེད་ཅེས་བཤད།
འདི་ནི་2026ལོའི་ཟླ་1ཚེས་14ཉིན་ནོར་ཝེའི་ལྷོ་རྒྱུད་ཀྱི་སི་ཁ་ཀེ་ལ་ཁེ་མཚོ་འགག་ཏུ་པར་བླངས་པའི་བྱིང་གྲུ་ཞིག་གི་ནང་དུ་ཡོད་པའི་ཀྲུང་གོའི་དཀར་ཡོལ་རེད།
འཕྲིན་སྟེགས། weikangba