ཏིང་ཞུའེ་ཞང་གིས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དང་ཐུག་འཕྲད་གནང་བ།

2026-03-30
339

ཟླ3པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིན་དུ་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཏིན་ཧུང་སེན་དང་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཚེས27ཉིན་པེ་ཅིན་དུ་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཏིན་ཧུང་སེན་དང་ཐུག་འཕྲད་གནང་།

ཏིང་ཞུའེ་ཞང་གིས་བསྟན་དོན། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ་ནི་གསར་གཏོད་ལ་སྲུང་སྐྱོབ་བྱས་པ་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ཀྲུང་གོས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་དང་། ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྔར་བས་འདེགས་སྐྱོར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།  ཀྲུང་གོས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་བར་གྱི་མཛའ་བརྩེའི་མཉམ་ལས་ལ་སྔར་བས་ཤུགས་བསྣན་ནས། དངོས་སྒྲུབ་གྲུབ་འབྲས་སྔར་ལས་མང་པ་བསྐྲུན་འདོད་ཡོད། ཀྲུང་གོས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ཕྱོགས་མང་ལས་སྟེགས་དང་ཆེད་ལས་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གོ་ལ་ཧྲིལ་པོའི་གསར་གཏོད་མཁན་ལ་སྔར་ལས་ནུས་མཐོ་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཏིན་ཧུང་སེན་གྱིས་བསྟན་དོན། ཀྲུང་གོའི་ཤེས་བྱའི་ཐོན་དབང་བྱ་བར་ཚད་མཐོའི་གདེང་འཇོག་བྱས་པ་དང་། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱས་ནས། གོ་ལ་ཧྲིལ་པོའི་ཤེས་བྱའི་ཐོན་དབང་གི་སྐྱེ་ཁམས་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཚན་རྩལ་གསར་གཏོད་དང་དཔལ་འབྱོར་གོང་འཕེལ་ལ་སྔར་ལས་སྐུལ་འདེད་གཏོང་པར་རེ་སྒུག་བྱས་ཡོད། ། 


  • 顶