ཀྲའོ་ལེ་ཅི་ཡིས་ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་བ།

2026-03-30
252

undefinedཟླ3པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧའེ་ནན་པོ་ཨའོ་རུ་པོ་ཨའོ་ཡ་གླིང་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་ལ་ཞུགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧའེ་ནན་པོ་ཨའོ་རུ་པོ་ཨའོ་ཡ་གླིང་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་ལ་ཞུགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་། 

ཀྲའོ་ལེ་ཅི་ཡིས་ཁེ་ལས་པས་ཡུན་རིང་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་བྱ་གཞག་ལ་རྒྱབ་སྐྱོར་དང་ཟབ་ཞུགས་བྱས་པར་བཀའ་དྲིན་ཞུས། ཁོང་གིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་རྐྱེན་སྲོལ་ལ་སྲུང་སྐྱོང་བྱས་ནས་སྒོ་འབྱེད་དང་དཀྱེལ་ཡངས། མཐོང་ཆུང་མེད་པ་བཅས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཁོར་ཡུག་གཏོད་འདོད་པ་དང་། ཀྲུང་གོའི་དཔལ་འབྱོར་རྨང་གཞི་བརྟན་པོ་དང་། དགེ་མཚན་མང་བ། མཉེན་གཤིས་ཆེ་བ། སྦས་ཤུགས་ཆེ་བ་བཅས་ཡིན་པས། ཡུན་རིང་ལེགས་འཕེལ། འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ཀྲུང་གོར་ཡུན་རིང་བརྟན་འཕེལ་གྱི་ཡིད་ཆེས་དང་ནུས་པ་ཡོད། འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ཤུགས་ཆེན་པོ་མུ་མཐུད་དུ་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོར་དངུལ་གཏོང་བྱེད་པ་དང་། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུས། 

ཁེ་ལས་པ་རྣམས་ཀྱིས་བསྟན་དོན། དཔལ་འབྱོར་འཛམ་གླིང་ཅན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་དང་རེ་སྒུག་གིས་ཁེངས་ཡོད་ལ། ཀྲུང་གོའི་ཁྲོམ་རར་མུ་མཐུད་དུ་ཟབ་ཞུགས་བྱས་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་འདོད་པ་བསྟན། 

མུའུ་ཧུང་བཞུགས་མོལ་ལ་ཞུགས་པ་རེད། །


  • 顶