ཞི་ཅིན་ཕིང་གིས་ཧི་པེ་ཞུང་ཨན་དུ་རྟོག་ཞིབ་མཛད་པ།

2026-03-24
250

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་ཧི་པེ་ཞུང་ཨན་ཁུལ་གསར་དུ་ཕེབས་ནས། ཁུལ་འཛུགས་སྐྲུན་མགོ་རྩོམ་པའི་འཕེལ་རིམ་ལ་གཟིགས་ཞིབ་མཛད་པ་དང་། ཀྲུང་གོའི་ཧྭ་ནེང་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་པེ་ཅིན་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་དུ་རྟོག་ཞིབ་གནང་ནས། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་གྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་མཛད་ཅིང་། ཁུལ་གསར་དུ་བཅའ་སྡོད་བྱེད་པའི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པའི་འཐུས་མིར་བྱམས་བརྩེའི་ངང་ནས་འཚམས་འདྲི་གནང་། །


  • 顶