ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྒྱལ་ཡོངས་ཀྱི་ལས་གནས་སྟེང་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་སྐོར་བཅུ་གཅིག་པར་མིང་བཏགས། ཐེངས་འདིའི་མིང་བཏགས་པའི་རྒྱལ་ཡོངས་ཀྱི་ལས་གནས་སྟེང་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་བསྡོམས་པས་མི100(ཐུན་མོང་དང་མི་སྒེར་ཚུད་པ)ཡོད། དེ་དག་གཙོ་བོ་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ། སྡེ་ཁུལ། སྨན་ཁང་། དམག་དཔུང་དང་དེ་བཞིན་གསར་དར་ཁྱབ་ཁོངས་སོགས་གཞི་རིམ་གྱི་ལས་ཡུལ་དང་པོ་ནས་ཡོང་བ་རེད། ཁོང་ཚོས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དང་། ལེ་ཧྥེང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། གནས་གཅེས་ལས་བརྩོན་ལས་ཞེན་བྱེད་པ། འབད་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་བ། སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་པ་བཅས་བྱས་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ལེ་ཧྥེང་གི་གཏམ་རྒྱུད་བྲིས་ཡོད།
ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ཞི་ཅིན་ཞིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་ཀྱི་ལས་གནས་སྟེང་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་སྐོར་བཅུ་གཅིག་པར་མིང་འདོགས་པ་གོ་སྐབས་སུ་བཟུང་སྟེ། ལེ་ཧྥེང་སྙིང་སྟོབས་ཀྱི་དུས་རབས་གོ་དོན་དང་ལག་ལེན་བླང་བྱ་སྔར་ལས་ཁོང་དུ་ཆུད་པ་དང་། རྩ་འཛུགས་ཀྱི་མགོ་ཁྲིད་དང་རྒྱབ་སྐྱོར་འགན་ལེན་ལ་ཤུགས་སྣོན་པ། རྣམ་པ་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཉམས་མྱོང་བྱེད་སྟངས་དང་དཔེ་མཚོན་བྱས་རྗེས་དྲིལ་སྒྲོག་རྒྱ་ཆེན་པོ་བྱེད་པ། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྔར་ལས་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་རྟོགས་ངང་མི་སྒེར་གྱི་དོན་གཉེར་དེ་ཏང་དང་མི་དམངས་ཀྱི་ལས་དོན་ཆེད་དུ་འབད་འཐབ་བྱེད་པའི་ཁྲོད་མཉམ་འདྲེས་བྱེད་པ། དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"མགོ་ཡག་པོ་རྩོམ་པ་དང་གོམ་སྟབས་ལེགས་པོ་སྤོ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན། །
འཕྲིན་སྟེགས། weikangba