རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པ་འཚོགས་པ་དང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།

2026-03-03
390

ཟླ3པའི་ཚེས1ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པ་པེ་ཅིན་འཚོགས་མགོ་བརྩམས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་ཚུགས་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པ་ཟླ3པའི་ཚེས1ཉིན་གྱི་སྔ་དྲོར་པེ་ཅིན་འཚོགས་མགོ་བརྩམས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་ཚུགས་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞིའི་ཚོགས་འདུའི2025ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ(འཆར་ཟིན)དང་། སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ(འཆར་ཟིན)བཀོད་པའི་གནས་ཚུལ་སྐོར་གྱི་གསལ་བཤད་དང་འབྲེལ་ཡོད་དོན་དག་སྐོར་གྱི་གསལ་བཤད་ལ་ཉན་ཞིང་། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་། ཞིང་ལས་ཞིང་སྡེ་ཨུ་ཡོན་ལྷན་ཁང་། མི་འབོར་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་དང་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཁང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞང་ཀང་ཨའོ་མོན་ཐའེ་ཝན་གྱི་ཕྱིར་སྡོད་པའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི2025ལོའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་གྱིས་མགོ་ཚུགས་ཚོགས་འདུར་མགོ་འཛིན་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥིན་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་གཞིར་སྙན་ཞུ་དང་གསལ་བཤད་གནང་། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ཧོ་ཧོའུ་ཧྭ། ལེའང་ཀྲེན་དབྱིང་། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། མུའུ་ཧུང་། ཞན་ཧུའེ། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་ཚོགས་འདུར་ཞུགས་པ་རེད། །


  • 顶