བློ་མཐུན་ལི་ཞི་མིང་འཁྲུངས་ནས་ལོ་འཁོར100ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས།

2026-03-02
334

ཟླ2པའི་ཚེས28ཉིན། བློ་མཐུན་ལི་ཞི་མིང་འཁྲུངས་ནས་ལོ་འཁོར100ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས28ཉིན་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་བློ་མཐུན་ལི་ཞི་མིང་གི་གཉེན་ཉེ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ལི་ཞི་མིང་འཁྲུངས་ནས་ལོ་འཁོར100ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས28ཉིན་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས།

བློ་མཐུན་ལི་ཞི་མིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་ཡིན་ལ། ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་དང་ཕུལ་དུ་བྱུང་བའི་ཏང་གི་བྱ་བའི་སྣེ་ཁྲིད་མཁན། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཟུར་པ་བཅས་ཡིན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ་བློ་མཐུན་ལི་ཞི་མིང་གི་འོད་སྟོང་འབར་བའི་མི་ཚེ་ལ་དྲན་གསོ་ཞུས་ཏེ། ཁོང་གི་ཏང་ལ་བློ་དཀར་བ་དང་དད་སེམས་ལྡན་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་དང་། དངོས་གཉེར་འགན་ཁུར་དང་གསར་གཏོད་ཡར་བརྩོན་གྱི་འབད་འཐབ་སྙིང་སྟོབས། མི་དམངས་བླ་ན་མེད་པ་དང་མང་ཚོགས་སེམས་སུ་འཛིན་པའི་སྤྱི་ཞབས་པའི་བརྩེ་སེམས།  རང་གཅུན་ནན་མོ་དང་སྤྱོད་གཙང་སྤྱི་འབུལ་གྱི་སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་བྱས་ནས་ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།  

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་། 

བཞུགས་མོལ་ཚོགས་འདུའི་སྔོན་ལ། ཀྲའོ་ལེ་ཅི་ཡིས་བློ་མཐུན་ལི་ཞི་མིང་གི་གཉེན་ཉེ་ལ་ཐུག་འཕྲད་གནང་། །


  • 顶