
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་བརྡ་གཏོང་ཚོགས་འདུ་བསྡུས་ནས། 2025ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཁག་གིས་སྒྲུབ་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་བསམ་འཆར་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་པའི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
2025ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་བསྡོམས་པས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་བསམ་འཆར8754དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི4868འགན་སྒྲུབ་བྱས་པ་དང་། སོ་སོར་བསམ་འཆར་དང་གྲོས་གཞིའི་བསྡོམས་འབོར་གྱི95.6%དང97.3%ཟིན་ཡོད་པ་ཚང་མ་དུས་ཐོག་ཏུ་བསྒྲུབས་ཚར་བ་རེད།
སྒྲུབ་གཉེར་གོ་རིམ་ཁྲོད། སྡེ་ཁག་སོ་སོས་གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་དང་གསར་དུ་བཟོ་བཅོས་གཏན་འབེབས་བྱས་པའི་སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་སྲོལ་ཡིག་སོགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་མཐུན་སྦྱོར་བརྗེ་རེས་ཟབ་མོ་བྱེད་པ། རྗེས་འདེད་དོན་འཁྱོལ་ལ་ལྟ་སྐུལ་བྱེད་པ། གྲུབ་འབྲས་ཚུལ་སྒྱུར་ལ་ཤུགས་སྣོན་པ་སོགས་ཀྱི་ལས་རིམ་གྱི་བླང་བྱ་གསར་པར་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་བླངས་ཏེ། བསམ་འཆར་དང་གྲོས་གཞི་སྒྲུབ་གཉེར་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། སྡེ་ཁག་སོ་སོས་བསྡོམས་པས་འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི4900ལྷག་བསྡུ་ལེན་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཁག2200ལྷག་བཏོན་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ལེགས་སྒྱུར་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པ། དངུལ་གཏོང་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་བསྐྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་བྱ་བའི་གྲུབ་འབྲས་གསར་པ་བླངས་ཡོད། །
འཕྲིན་སྟེགས། weikangba