ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཚི་དང་ཐུག་འཕྲད་གནང་བ།

2026-02-27
222

ཟླ2པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་མའོ་ཚི་དང་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་མའོ་ཚི་དང་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་གྲས་གཉིས་པ་དང་གསུམ་པ་ཡིན་ལ།  ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད།  ཡོ་རོབ་དང་འཛམ་གླིང་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།  དེང་སྐབས་རྒྱལ་སྤྱིའི་གནས་བབ་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་བའི་ཚུན་གྱི་འཕོ་འགྱུར་ཆེན་པོ་བརྒྱུད་བཞིན་ཡོད། འཛམ་གླིང་གི་འགྱུར་ལྡོག་ཇི་ཙམ་ཆེ་ན།  ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་དེ་ལས་ཀྱང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་རྗེས་མར་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་བསམ་འཆར་ཁག་གསུམ་བཏོན་པ་སྟེ།  གཅིག་ནི་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་བློས་ཐུབ་ཀྱི་གྲོགས་པོ་བྱེད་དགོས། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀས་རང་ངོས་ལ་གཞི་ཚུགས་པ་དང་མགྱོགས་མྱུར་གྱིས་འཕེལ་རྒྱས་འབྱུང་བཞིན་ཡོད་ལ།  ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས།  སྒོ་འབྱེད་མཉམ་ལས་བཅས་རྒྱུན་འཁྱོངས་བྱས་ནས་གཉིས་ཕན་མཉམ་རྒྱལ་གྱི་གཏམ་རྒྱུད་བཟང་བོ་བྲིས་ཡོད། ཀྲུང་གོར་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ནུས་པ་དང་གདིང་ཤུགས་ཡོད་ལ། འཇར་མན་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་མཉམ་སྤྱོད་བྱ་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་དོན་དངོས་དང་མཐུན་པའི་སྒོ་ནས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་རྒྱུ་དང་། དགེ་མཚན་ལྡན་པ་དང་དངོས་དོན་གཉེར་བའི་ཀྲུང་གོའི་སྲིད་ཇུས་ལག་ལེན་ཏུ་བསྟར་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།  གཉིས་ནི་སྒོ་འབྱེད་གཉིས་ཕན་གྱི་གསར་གཏོད་གྲོགས་པོ་བྱེད་དགོས།  འཇར་མན་སྲིད་གཞུང་གིས་ལག་རྩལ་དང་གསར་གཏོད། གཞི་གྲངས་སོགས་ཀྱི་ཁྱབ་ཁོངས་ནང་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་པ་བཏོན་པ་དེ་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་ཧ་ཅང་མཐུན། ཕྱོགས་གཉིས་ཀས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འཇོན་མི་དང་ཤེས་བྱ།  ལག་རྩལ་བཅས་ཕན་ཚུན་འགྲོ་འོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་གཙོ་བོའི་གྲོས་མོལ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།  ཕྱོགས་གཉིས་ཀས་འགྲན་རྩོད་དང་མཉམ་ལས་ཀྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ཏེ།  གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ཐབས་ལམ་འཚོལ་ཞིབ་བྱས་ནས་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བརྟན་པོའི་ངང་ཤར་གཏོང་ཐུབ་རྒྱུར་མཉམ་དུ་སྲུང་སྐྱོང་བྱེད་དགོས། གསུམ་ནི་ཕན་ཚུན་རྒྱུས་མངའ་དང་མཛའ་འབྲེལ་གྱི་མི་ཚུལ་གྲོགས་པོ་བྱེད་དགོས།  ཀྲུང་གོ་དང་འཇར་མན་གཉིས་ནི་རིག་གནས་ཀྱི་རྨང་མཐུག་པའི་རྒྱལ་ཁབ་ཆེན་པོ་ཡིན་པས།  ཕྱོགས་གཉིས་ཀས་ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་པ་དང་། མི་ཚུལ་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་འཇར་མན་གྱི་མཛའ་འབྲེལ་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  མགྱོགས་མྱུར་རིམ་འགྱུར་འབྱུང་བཞིན་པའི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ་རྒྱལ་ཁབ་སོ་སོས་སྐྱིད་སྡུག་མཉམ་མྱོང་དང་ལས་སྐལ་གཅིག་མཐུན་ཡོང་བ་བྱེད་དགོས། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་ཁྲིད་ནུས་པ་སླར་ཡང་འདོན་སྤེལ་བྱས་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་མཁན་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་ལག་ལེན་ཏུ་བསྟར་མཁན། རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་མཁན། མཐུན་སྒྲིལ་མཉམ་ལས་ཀྱི་སྲོལ་གཏོད་མཁན་བཅས་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་ཀྱི་རང་ཚུགས་རང་སྟོབས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། འཐབ་ཇུས་གྲོགས་པོའི་གཏན་གནས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་དཀྱེད་ཡངས་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད།

ཟླ2པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་མའོ་ཚི་དང་ཐུག་འཕྲད་གནང་།

མའོ་ཚི་ཡིས་བསྟན་དོན།  ཀྲུང་གོ་མི་དམངས་ཀྱིས་དཔྱིད་གསར་དུས་ཆེན་རོལ་སྐབས་ཀྲུང་གོར་འཚམས་འདྲིར་ཡོང་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་པར་མ་ཟད།  ཀྲུང་གོའི་མི་དམངས་ཀྱི་རྟ་ལོའི་ལོ་སར་ལ་སྨོན་འདུན་བཟང་བོ་ཞུས་པ་ཡིན། འཇར་མན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། མཛའ་མཐུན་འགྲོ་འོང་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་བརྩི་མཐོང་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་མཐུན་སྲོལ་རྒྱུན་རྒྱུན་མཐུད་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད། འཇར་མན་ཁེ་ལས་ལས་རིགས་ཀྱིས་ཀྲུང་གོའི་ཚོང་རར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་བར་མཉམ་ལས་སྔར་ལས་གཏིང་ཟབ་སྤེལ་ནས་གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་རེ་བ་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་གནས་བབས་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། འཇར་མན་དང་ཀྲུང་གོའི་ཕྲག་ཏུ་འཛམ་གླིང་གི་འགྲན་རྩོད་ལ་མཉམ་དུ་གདོང་གཏོད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། རང་མོས་ཉོ་ཚོང་རྒྱུན་འཁྱོངས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་བློ་གཏད་ཆོག་པ་དང་ཡུན་རིང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། འཛམ་གླིང་བརྟན་བརླིང་དར་རྒྱས་ཡོང་བར་ཕན་ཐོགས་ཡོད་པས། འཇར་མན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོ་གཉིས་ཀྱིས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཝུའུ་ཁོ་ལན་གྱི་ཉམས་ཉེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་། འགག་རྩ་ནི་གྲོས་མོལ་བརྒྱུད་དེ་ཐག་གཅོད་ཇུས་གཞི་འཚོལ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། ཕྱོགས་སོ་སོ་འདྲ་མཉམ་ངང་ཞུགས་རྒྱུར་འགན་ལེན་བྱས་ནས་ཞི་བདེའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་སོ་སོའི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་འགན་ལེན་བྱས་ནས་ཞི་བདེའི་འདུན་པ་ཆེ་རུ་གཏོང་བ། ཐུན་མོང་བདེ་འཇགས་ལ་འགན་ལེན་བྱས་ནས་ཡུན་རིང་ཞི་བདེ་ཡོང་བའི་སྒྲོམ་གཞི་ཞིག་འཛུགས་དགོས་ཞེས་བསྟན།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་གསལ་བསྒྲགས》སྤེལ།

ཝང་དབྱི་ཐུག་འཕྲད་ལ་ཞུགས། །


  • 顶