ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་བཏོད་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་།

2026-02-25
394

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ2པའི་ཚེས23ཉིན་ནི་རྒྱ་ལོའི་ཚེས7དང་དཔྱིད་གསར་དུས་ཆེན་གུང་གསེང་གི་ཉིན་མཐའ་མ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་འགྲུལ་བ་ཕྱིར་ལོག་ཚད་མང་ཤོས་བསུས་པ་དང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི1850སྐྱེལ་རྒྱུ་དང་མེ་འཁོར་ཐེངས2297ཁ་སྣོན་གཏོང་རྩིས་ཡོད་པ་རེད། ཟླ2པའི་ཚེས22ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི1827.7སྐྱེལ་ཞིང་། བསྟུད་མར་ཉིན་གསུམ་རིང་མི་ཐེངས་ཁྲི1500ཡན་སྐྱེལ་བ་རྒྱུན་འཁྱོངས་བྱས་ལ། སྐྱེལ་འདྲེན་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པ་བྱུང་ཡོད། 

ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད8བར་ལྕགས་ལམ12306(དྲ་ཚིགས་དང་སྤྱོད་སྣེ་སོགས་ཚུད་ཡོད)གིས་དཔྱིད་གསར་སྐྱེལ་འདྲེན་རིང་གི་མེ་འཁོར་སྤ་སེ་བསྡོམས་པས་དུང་ཕྱུར3.39ཕྱིར་ཚོང་བྱས་ཡོད། སྔོན་ཚོང་གི་གནས་ཚུལ་ལ་བལྟས་ན། ཚེས23ཉིན་འགྲུལ་བ་བསྐྱོད་མགོ་རྩོམ་པའི་གྲོང་ཁྱེར་གཙོ་བོ་ནི་ཀོང་ཀྲོའུ་དང་། པེ་ཅིན། ཁྲེང་ཏུའུ། ཝུའུ་ཧན། ཁྲུང་ཆིང་། ཞི་ཨན། ཀྲེང་ཀྲོའུ། ཧྲང་ཧའེ། ཧང་ཀྲོའུ། ནན་ཁྲང་བཅས་ཡིན་པ་དང་། འགྲུལ་བ་འབྱོར་ཡུལ་གཙོ་བོའི་གྲོང་ཁྱེར་ནི་པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེང་ཀྲེན། ཁྲེང་ཏུའུ། ཧང་ཀྲོའུ། ཝུའུ་ཧན། ཞི་ཨན། ཁྲུང་ཆིན། ཀྲེང་ཀྲོའུ་བཅས་ཡིན། ནན་ཉིང་ནས་ཀོང་ཀྲོའུ་དང་། པེ་ཅིན་ནས་ཧྲང་ཧའེ། ཝུའུ་ཧན་ནས་ཧྲང་ཧའེ། ཧྲིན་དབྱང་ནས་པེ་ཅིན། ཧྲེན་ཀྲེན་ནས་ཞང་ཀང་། ཝུའུ་ཧན་ནས་ཧྲེན་ཀྲེན། ཞི་ཨན་ནས་ཁྲེང་ཏུའུ། ནན་ཁྲང་ནས་ཧྲང་ཧའེ། ཝུའུ་ཧན་ནས་ཀོང་ཀྲོའུ། ཐའེ་ཡོན་ནས་པེ་ཅིན་སོགས་བར་གྱི་འགྲུལ་རྒྱུན་བལྟོས་བཅས་ཀྱིས་གཅིག་སྡུད་བྱས་ཡོད། 

ས་གནས་སོ་སོའི་ལྕགས་ལམ་སྡེ་ཚན་གྱིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་འགྲུལ་བ་ཕྱིར་ལོག་ཚད་མང་ཤོས་ལ་ཁ་གཏད་བཏང་བ་དང་། སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་ཕན་དམངས་བདེའི་བྱེད་ཐབས་དོན་འཁྱོལ་བྱས་ནས། འགྲུལ་པ་བདེ་འཇགས་དང་བདེ་བླག་ངང་ཕྱིར་ལོག་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། རྒྱལ་ཁབ་ལྕགས་ལམ་ཐེ་ཡོན་ཅུས་སྡེ་ཚོགས་ཀུང་སིའི་ཐེ་ཡོན་ལྷོ་རྒྱུད་དང་ཏ་ཐུང་ལྷོ་རྒྱུད་སོགས་འགྲུལ་རྒྱུན་ཅུང་མང་བའི་མེ་འཁོར་འབབ་ཚུགས་ཀྱིས་འགུལ་རྣམ་བདེ་འཇགས་ཞིབ་བཤེར་དང་སྤ་སེ་ཞིབ་བཤེར་གྱི་བགྲོད་ལམ་ཇེ་མང་དུ་བཏང་ནས། འགྲུལ་པ་གྲལ་བསྒྲིགས་ནས་སྒུག་པའི་དུས་ཚོད་ཇེ་ཉུང་དུ་བཏང་བ་རེད། རྒྱལ་ཁབ་ལྕགས་ལམ་ཝུའུ་ཧན་ཅུས་སྡེ་ཚོགས་ཀུང་སིའི་མེ་འཁོར་འབབ་ཚུགས་ཁག་གིས་འབབ་ཚུགས་ནང་གི་འགྲོ་འོང་དང་གློག་སྐས་ཀྱི་འཛུལ་སྒོ་སོགས་གཙོ་གནད་ཁག་གི་འདྲེད་འགོག་ས་གདན་འདིང་བ་དང་དྲན་སྐུལ་བྱང་བུ་བཙུགས་ཏེ། ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་འགོག་སྲུང་ཁྲིད་སྟོན་བྱས་ནས་འགྲུལ་པའི་བདེ་འཇགས་ལ་འགན་ལེན་བྱས་པ་རེད། རྒྱལ་ཁབ་ལྕགས་ལམ་ཧྲང་ཧའེ་ཅུས་སྡེ་ཚོགས་ཀུང་སིས་འགྲུལ་པའི་མེ་འཁོར605ཁ་སྣོན་བྱས་ནས། ཧང་ཀྲོའུ་འབབ་ཚུགས་ཤར་མ་ནསAIལས་རོགས“ཧང་ཞའོ་ཏུང”ནང་འདྲེན་བྱས་ཏེ་འགྲུལ་པ་རྣམས་ལ་འགྲོ་སྐྱོད་ཇུས་གཞི་མཁོ་འདོན་བྱས་པ་རེད། རྒྱལ་ཁབ་ལྕགས་ལམ་ཝུའུ་ལུའུ་མུའུ་ཆི་ཅུས་སྡེ་ཚོགས་ཀུང་སིས་འགྲུལ་པའི་མེ་འཁོར36ཁ་སྣོན་བྱས་པ་དང་། སྒུལ་འཁོར་ཚོགས་ཆུང23བསྐྱར་སྦྲེལ་འཁོར་སྐྱོད་བྱ་རྒྱུར་བཀོད་སྒྲིག་བྱས། །


  • 顶