ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་ཀྱི་དཔྱིད་གསར་དུས་ཆེན་སྐབས་སུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་པ》ཞེས་པའི(དེབ་གཉིས་པ)དེ། ཀྲུང་གོ་བུད་མེད་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
དཔེ་ཆ་འདི་དེབ་དང་པོའི་རྨང་གཞིའི་སྟེང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་ཁྱིམ་ཚང་དང་རྒྱལ་ཁབ་ལ་དམིགས་ཏེ། ཁྱིམ་ཚང་དང་སྡེ་བ(སྡེ་ཁུལ)32ཀྱི་བཅར་འདྲི་ཟིན་ཐོར་བཀོད་པ་བརྒྱུད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་སྐབས། ཁྱིམ་ཚང་རེ་རེར་ཕེབས་ནས། དམངས་ཀྱི་གནས་ཚུལ་འདྲི་ཞིབ་དང་དམངས་སེམས་ལ་དྲོད་ཁོལ་སྦྱིན་པ། འཕོ་འགྱུར་ལ་བལྟ་བ་དང་། འཕེལ་རྒྱས་གླེང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱིས། དུས་རབས་གསར་པའི་ཀྲུང་གོའི་ཁྱིམ་ཚང་གི་བདེ་སྐྱིད་འཕོ་འགྱུར་ཟིན་ཐོར་བཀོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བ་མཚོན་པར་བྱས་ཤིང“མི་དམངས་ཀྱི་གཙོ་འཛིན་མི་དམངས་ལ་དགའ་བ་དང་། མི་དམངས་ཀྱི་གཙོ་འཛིན་མི་དམངས་ལ་དགའ་ཞེན་བྱེད་པ”ཞེས་པའི་བརྩེ་སེམས་ཟབ་མོ་མཚོན་ལ། རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་གིས་དཔའ་མཛངས་རྟུལ་ཕོད་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”མདུན་དུ་སྐྱོད་པ་དང་། འཐབ་ལམ་གསར་བར་བྱས་རྗེས་འཇོག་པར་ཡར་སྐུལ་བྱས། །
འཕྲིན་སྟེགས། weikangba