ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས9ནས་ཚེས10ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅང་ཞི་ཀན་ཀྲོའུ་རུ་གཟིགས་ཞིབ་གནང་བར་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་། ཚང་མར་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པའི་དར་རྒྱས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གནས་རྙིང་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ལས་དོན་ཏན་ཏིག་གིས་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་སྔར་བས་བདེ་སྐྱིད་ལྡན་ཞིང་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བར་བྱེད་དགོས།

ཟླ2པའི་ཚེས9ནས་ཚེས10ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅང་ཞི་ཀན་ཀྲོའུ་རུ་གཟིགས་ཞིབ་གནང་བར་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་། པར་འདི་ནི་ལི་ཆང་རུའེ་ཅིན་གྲོང་ཁྱེར་གྱི་ཡེ་ཕིང་གྲོང་རྡལ་ཀྲུའུ་ཧྥང་སྡེ་བ་དང་དབྱང་ཞི་སྡེ་བར་ཕེབས་ཏེ། དམར་དམག་གི་རྗེས་རབས་པ་དང་ཏང་ཡོན་རྒན་པའི་ཁྱིམ་དུ་སོང་ནས་ཁོ་ཚོ་དང་མཉམ་དུ་གླེང་མོལ་གནང་བཞིན་པའི་ཚུལ་རེད།
དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ས་གང་སར་དགའ་སྤྲོ་དང་བདེ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད། ལི་ཆང་རུའེ་ཅིན་གྲོང་ཁྱེར་གྱི་ཡེ་ཕིང་གྲོང་རྡལ་ཀྲུའུ་ཧྥང་སྡེ་བ་དང་དབྱང་ཞི་སྡེ་བར་ཕེབས་ཏེ། དམར་དམག་གི་རྗེས་རབས་པ་དང་ཏང་ཡོན་རྒན་པའི་ཁྱིམ་དུ་སོང་ནས་ཁོ་ཚོ་དང་མཉམ་དུ་གླེང་མོལ་མཛད་ཅིང་། ཁྱིམ་ཚང་གི་ཡོང་འབབ་དང་བུ་ཕྲུག་གི་ལས་ཞུགས། སྨན་བཅོས་རྩིས་ཞུ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་གནང་བར་མ་ཟད། ས་གནས་ཀྱི་ལས་བྱེད་པར་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱས་པ་སོགས་ཀྱི་བྱ་བ་རྒྱུས་ལོན་ཞིབ་མོ་གནང་། ལི་ཆང་གིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེའི་གནས་རྙིང་ས་ཁུལ་གྱི་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་གིན་ཡོད། མེ་ཕོ་རྟ་ལོའི་དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ། ཚང་མར་འཚམས་འདྲི་བྱེད་དུ་ཡོང་བ་ཡིན། ཚང་མར་རྟ་ལོར་བཀྲ་ཤིས་བདེ་ལེགས་ཡོང་བ་དང་ལུས་ཁམས་བདེ་ཐང་། བྱ་བ་ལམ་འགྲོ། ཁྱིམ་ཚང་འཆམ་མཐུན་ཡོང་བ་བཅས་ཀྱི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན། ལི་ཆང་གིས་ས་གནས་ཀྱི་ལས་བྱེད་པ་དང་འབྲེལ་ཡོད་ཕྱོགས་ཀྱིས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས། ཕྱོགས་སོ་སོའི་ཞབས་ཞུའི་འགན་ལེན་དང་སྡེ་བའི་རྣམ་པ་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་དགོས་པ་དང་། དམངས་ལ་ཕན་པའི་དོན་དངོས་རེ་རེ་ལེགས་པར་བསྒྲུབས་ཏེ་ཡུལ་མི་སྤུན་ཟླ་རྣམས་ཀྱི་སྣེ་ཁྲིད་ནས་མཐུན་སྒྲིལ་དམ་པོས་འབད་འཐབ་དང་། མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བསྐྲུན་ནས་མི་གཅིག་ཀྱང་རྗེས་ལ་ལུས་སུ་འཇུག་མི་རུང་ཞེས་སྐུལ་མ་གནང་།
ལི་ཆང་ཡེ་ཕིང་གསར་བརྗེའི་གནས་རྙིང་ས་ཁུལ་དུ་ཕེབས་ནས། ཀྲུང་ཧྭ་སུའུ་ཝེ་ཨེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཚོགས་གནས་དང་ཀྲུང་གུང་སུའུ་ཁུལ་ཀྲུང་དབྱང་ཅུས་ཀྱི་གནས་རྙིང་ལ་གཟིགས་སྐོར་གནང་ཞིང་། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་སོགས་ཀྱི་ངོ་སྤྲོད་ལ་གསན། ལི་ཆང་གིས་གསུང་དོན། གསར་བརྗེའི་དམག་འཁྲུག་གི་ལོ་རབས་དང་ཡང་ན་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་གསར་པ་གང་ཡིན་རུང་། གསར་བརྗེའི་གནས་རྙིང་ཁུལ་གྱི་མི་དམངས་ཡོངས་ཀྱིས་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅིང་། གནས་རྙིང་ས་ཁུལ་གྱི་འཕེལ་རྒྱས་སྔར་བས་ལེགས་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་བྱ་རྒྱུ་ནི་ཚང་མའི་ཐུན་མོང་གི་བསམ་འདུན་ཡིན། ཏང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཕྱོགས་སོ་སོའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། གནས་རྙིང་ས་ཁུལ་གྱི་སྙིང་སྟོབས་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ། གསར་བརྗེའི་ནང་དོན་དང་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། སྤུས་རྟགས་ཀྱི་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ལྡན་པའི་ཁྱད་ལྡན་ཐོན་ལས་སྔར་ལས་མང་པོ་གཏོད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་ནས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཟླ2པའི་ཚེས9ནས་ཚེས10ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅང་ཞི་ཀན་ཀྲོའུ་རུ་གཟིགས་ཞིབ་གནང་བར་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་། པར་འདི་ནི་ཟླ2པའི་ཚེས10ཉིན། ལི་ཆང་གིས་ཀན་ཀྲོའུ་ཧྥུ་ཨེར་ཐེ་གློག་རྡུལ་མ་རྐང་ཚད་ཡོད་ཀུང་སུ་རུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།
ལི་ཆང་གིས་ཀྲུང་གོ་ཚན་རིག་གླིང་ཀན་ཅང་གསར་གཏོད་ཞིབ་འཇུག་ཁང་དང་འབྲེལ་ཡོད་ཞི་ཐུའུ་གཞི་རྒྱུ་ཁེ་ལས་ལ་གཟིགས་ཞིབ་གནང་སྟེ། ཞི་ཐུའུ་གཞི་རྒྱུའི་ཁྱབ་ཁོངས་ཀྱི་ཚན་ཞིབ་འཕེལ་རིམ་དང་གྲུབ་འབྲས་གཞན་སྒྱུར་གྱི་གནས་ཚུལ་རྒྱུས་ལོན་གནང་བ་དང་། ཁེ་ལས་དང་ཚན་ཞིབ་སྒྲིག་གཞིའི་འགན་འཁུར་བ་དང་བཞུགས་མོལ་གནང་། ལི་ཆང་གིས་བསྟན་དོན། ཞི་ཐུའུ་གཞི་རྒྱུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱས་ནས་ཐོན་ལས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་དགོས་ཤིང་། ཕྱིར་བསྡུའི་མ་ལག་འཐུས་ཚང་དུ་བཏང་ནས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་ཐོན་སྐྱེད་ལས་སྣོན་གྱི་ལས་རིམ་ཁག་གི་ལྗང་མདོག་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། འཁོར་ཡུན་ཧྲིལ་པོའི་ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་ལ་དམིགས་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་པ་དང་། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་ལས་ཕྲེང་འབྲེལ་ཡོངས་མཐུན་སྦྱོར་མཉམ་འགུལ་དང་འཁོར་རྒྱུག་བཀག་མེད་ཡོང་བར་སྐུལ་འདེད་བཏང་ནས། ཞི་ཐུའུ་གཞི་རྒྱུའི་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མི་ཆད་པར་ཇེ་མཐོར་གཏོང་དགོས།
ཝུའུ་ཀྲེང་ལུང་གིས་ཕེབས་རོགས་གནང་། །
འཕྲིན་སྟེགས། weikangba