
ཟླ2པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས10ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་དུ་བརྙན་ལམ་བརྒྱུད་དེ་དམག་ཡོངས་ཀྱི་དམག་གྲབས་ལས་རེས་དང་ལས་འགན་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་གནང་བ་དང་། འབྲེལ་ཡོད་དམག་དཔུང་ལ་སྙིང་ཉེ་བའི་འཚམས་འདྲི་གནང་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ། དམངས་དམག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས། པར་འདི་ནི་ཞི་ཅིན་ཕིང་གིས་དཔོན་དམག་ལ་ཕྱག་བརྡ་གནང་བཞིན་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་གསར་བསླེབ་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས10ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་དུ་བརྙན་ལམ་བརྒྱུད་དེ་དམག་ཡོངས་ཀྱི་དམག་གྲབས་ལས་རེས་དང་ལས་འགན་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་གནང་བར་དང་། འབྲེལ་ཡོད་དམག་དཔུང་ལ་སྙིང་ཉེ་བའི་འཚམས་འདྲི་གནང་ཞིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་མཛད་དེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། གྲ་སྒྲིག་དམག་ཞབས་མི་སྣ། དམངས་དམག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས།

ཟླ2པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས10ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་དུ་བརྙན་ལམ་བརྒྱུད་དེ་དམག་ཡོངས་ཀྱི་དམག་གྲབས་ལས་རེས་དང་ལས་འགན་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་གནང་བ་དང་། འབྲེལ་ཡོད་དམག་དཔུང་ལ་སྙིང་ཉེ་བའི་འཚམས་འདྲི་གནང་། པར་འདི་ནི་སྐམ་དམག་མདའ་ཤོག་ག་གེ་མོའི་དམག་སྒར་གཉིས་པ་དང་མཚོ་དམག་ཨན་ཧུའེ་གྲུ་གཟིངས། མཁའ་དམག་དམག་སྒར་ག་གེ་མོ། འཕུར་མདེལ་དམག་དཔུང་གི་དམག་སྒར་ག་གེ་མོ། དམག་དོན་མཁའ་སྐྱོད་དམག་དཔུང་གི་དམག་སྒར་ག་གེ་མོ། དྲ་རྒྱའི་བར་སྟོང་དམག་དཔུང་གི་དམག་སྒར་ག་གེ་མོ། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་ལྟེ་གནས་ག་གེ་མོ། རྒྱབ་ཕྱོགས་འགན་སྲུང་དམག་དཔུང་གི་མཛོད་ཁང་ག་གེ་མོ། དྲག་ཆས་ཉེན་རྟོག་དམག་དཔུང་གི་ཡན་ལག་དམག་དཔུང་ག་གེ་མོ་བཅས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནས་ཚུལ་སྙན་ཞུ་ཕུལ་བའི་ཚུལ་རེད།
ཕྱི་དྲོའི་དུས་ཚོད4ཙམ་ལ། ཞི་ཅིན་ཕིང་བརྒྱད་གཅིག་ཐོག་ཁང་དུ་ཕེབས་ནས། དམག་དཔུང་དང་དམག་རིགས་སོ་སོ། དྲག་ཆས་ཉེན་རྟོག་དམག་དཔུང་གི་ལས་ཁུངས9དང་བརྙན་ལམ་བརྒྱུད་དེ་ཞལ་བརྡ་གནང་། སྐམ་དམག་མདའ་ཤོག་ག་གེ་མོའི་དམག་སྒར་གཉིས་པ་དང་མཚོ་དམག་ཨན་ཧུའེ་གྲུ་གཟིངས། མཁའ་དམག་དམག་སྒར་ག་གེ་མོ། འཕུར་མདེལ་དམག་དཔུང་གི་དམག་སྒར་ག་གེ་མོ། དམག་དོན་མཁའ་སྐྱོད་དམག་དཔུང་གི་དམག་སྒར་ག་གེ་མོ། དྲ་རྒྱའི་བར་སྟོང་དམག་དཔུང་གི་དམག་སྒར་ག་གེ་མོ། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་ལྟེ་གནས་ག་གེ་མོ། རྒྱབ་ཕྱོགས་འགན་སྲུང་དམག་དཔུང་གི་མཛོད་ཁང་ག་གེ་མོ། དྲག་ཆས་ཉེན་རྟོག་དམག་དཔུང་གི་ཡན་ལག་དམག་དཔུང་ག་གེ་མོ་བཅས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནས་ཚུལ་སྙན་ཞུ་ཕུལ། ཞི་ཅིན་ཕིང་གིས་སྙན་ཞུར་ནན་ཏན་གྱིས་གསན་པར་མ་ཟད། ཁོ་ཚོར་བྱམས་བརྩེའི་ངང་ཉལ་བརྡ་གནང་། དཔོན་དམག་རྣམས་སྙིང་སྟོབས་དང་ངར་ཤུགས་ཀྱིས་ཁེངས་ཏེ། རང་རང་སོ་སོའི་ལས་གནས་སྟེང་དམག་སྦྱོང་དང་དམག་གྲབས་བྱས་ཡོད་པ་མཐོང་པར། ཞི་ཅིན་ཕིང་གིས་གདེང་འཇོག་གང་ལེགས་མཛད་པར་མ་ཟད། ཚང་མས་དངོས་འཐབ་ཅན་གྱི་དམག་སྦྱོང་དམ་འཛིན་སྒོས་ལག་གི་མཚོན་ཆ་བེད་སྤྱོད་ལེགས་པོ་བྱས་ཏེ། དམག་དཔུང་གི་འཐབ་འཛིང་ནུས་ཤུགས་འཛུགས་སྐྱོང་དང་བཀོལ་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་སྐུལ་ལྕག་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་གཅིག་ནི་རྒྱུན་ལྡན་དང་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་རེད། མི་དམངས་དམག་དཔུང་གིས་ཆབ་སྲིད་སྦྱོང་སྒྲིག་ལ་སྐུལ་འདེད་བཏང་ནས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ནུས་ལྡན་སྒོས་གདོང་གཏད་དེ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཁྲོད་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ཐོབ། དམག་ཡོངས་ཀྱི་རྒྱ་ཆེའི་དཔོན་དམག་དང་ལྷག་པར་ཏུ་གཞི་རིམ་དཔོན་དམག་རྣམས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ནས་བློ་དཀར་འགན་སྒྲུབ་བྱས་ལ། དཀའ་སེལ་འགག་སྒྲོལ་ལ་ཤུགས་སྣོན་དང་ལས་འགན་སྣ་ཚོགས་བདེ་བླག་ངང་གྲུབ་པས། རྩལ་ནུས་ལྡན་ལ་ཡིད་རྟོན་རུང་བ་ཞིག་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིན་འགའི་རྗེས་ནི་མེ་ཕོ་རྟ་ལོའི་ལོ་གསར་རེད། དུས་ཆེན་ལ་རོལ་དུས་དམག་གྲབས་མི་བརྗེད་པ་ནི་རང་རེའི་དམག་དཔུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡིན། དམག་ཡོངས་ཀྱི་དམག་དཔུང་གིས་དམག་གྲབས་ལས་རེས་ལ་ཤུགས་བསྣན་ནས་གཏན་ཁེལ་བྱས་པའི་དམག་གྲབས་རྣམ་པ་སྲུང་འཛིན་བྱེད་དགོས་ལ། དུས་ལྟར་ཐོལ་བྱུང་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་མེས་རྒྱལ་གྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་ལེགས་པར་སྲུང་དགོས། དེ་དང་ཆབས་ཅིག བྱ་བར་སྤྱི་འདོམས་ལེགས་པོ་བྱས་ནས་དུས་ཆེན་སྐབས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས།
ཀྲང་ཧྲིན་མིན་སོགས་བྱེད་སྒོར་ཞུགས། །
འཕྲིན་སྟེགས། weikangba