
ཟླ་དང་པོའི་ཚེས21ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས2025ལོའི་སྤྱི་ཁོག་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས21ཉིན་པེ་ཅིན་དུ2025ལོའི་སྤྱི་ཁོག་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། འདས་པའི་ལོ་གཅིག་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཤེས་རྟོགས་དང་དམ་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ཐད་ཀྱི་བརྡར་གཅོད་གལ་ཆེན་ལ་ཤེས་རྟོགས་དང་དམ་འཛིན་གཏིང་ཟབ་བྱེད་པ། གནས་བབ་གསར་པའི་འོག་གི་དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཤེས་རྟོགས་དང་དམ་འཛིན་གཏིང་ཟབ་བྱེད་པ། ད་ལོའི་དཔལ་འབྱོར་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཁ་ཕྱོགས། གཙོ་གནད་ལས་འགན་བཅས་ལེགས་པོར་སྒྲུབ་པར་ཤེས་རྟོགས་དང་དམ་འཛིན་གཏིང་ཟབ་བྱེད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པའི་རྩ་བའི་བླང་བྱར་ཤེས་རྟོགས་དང་དམ་འཛིན་གཏིང་ཟབ་བྱེད་དགོས། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་གོ་བ་གཏིང་ཟབ་བླངས་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་གུང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་འཁྲི་དང་ལས་འགན་ལ་སྐུལ་འདེད་གཏོང་ཤུགས་ཇེ་ཆེར་གཏོང་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་དམིགས་ཏེ། ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་སྒྲིག་འཛུགས་ཞིབ་ཚགས་དང་། ཆེད་དོན་ཞིབ་འཇུག་ཡག་པོ། དཔལ་འབྱོར་ཁྱབ་ཁོངས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་བཅས་བྱ་དགོས་ལ། ལོ་ཧྲིལ་པོའི་དཔལ་འབྱོར་བྱ་བའི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ནས་གྲོས་མོལ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་སྲིད་གླེང་ཇུས་འདོན་གྱི་གྲུབ་འབྲས་ལ་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་ཞིག་འཛུགས་རྒྱུ་དང་གོམ་སྟབས་ཡག་པོ་ཞིག་སྤོ་རྒྱུར་ཞབས་འདེགས་ཞུ་དགོས། ཏང་དང་སྲིད་གཞུང་ལ་སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་གསལ་འགྲེལ། སྔོན་དཔག་བརྟན་འཇགས། ཡིད་ཆེས་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གིས་དཔལ་འབྱོར་གྱི་གནས་བབ་དང་འཕེལ་རྒྱས་ཀྱི་གནས་བབ་ལ་ཕྱོགས་ཡོངས་ནས་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མེའོ་ཡུས་དང་ལི་ཞའོ་ཕིན། དབྱི་ཡན་ལིན། ཡས་ཝེ་ཕིན། ལིན་དབྱི་ཧྥུའུ། ཐན་ཅིན་ཆིའུ། དབྱང་ཙོང་རུའུ། ཀྲང་ཧི་ཁྲིན། ཀུའུ་ཞུའེ་མིན། མའོ་རོང་། ཆི་ཞང་ཏུང་དང་ཆེད་མཁས་པ་ལིའུ་ཧྲི་ཅིན་བཅས་ཀྱིས་གཏམ་བཤད། ཚང་མས་2025ལོར་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཀྱིས་གནོན་ཤུགས་ཐེག་ནས་མདུན་སྐྱོད་དང་གསར་བ་དང་ལེགས་པོའི་ཕྱོགས་སུ་བསྐྱོད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཕན་འབྲས་གསར་པ་བླངས་ཤིང་། དེའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གསལ་སྟོན་དང་ཀྲུང་གུང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་རག་ལས་ཡོད། ནན་ཏན་གྱིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དངོས་འབེབས་བྱས་ནས། མུ་མཐུད་དུ་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་བསྐྱེད་བཏང་སྟེ། ཧུར་ཐག་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ལེགས་པོར་རྩོམ་པ་མངོན་འགྱུར་བྱེད་དགོས་པར་འདོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་བ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་པ་ཐེར། ཀའོ་ཡུན་ལུང་། ཝང་ཏུང་ཧྥིན། ཧི་པའོ་ཞང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་ལ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་བསམ་ཚུལ་ལ་མཉན་པ་དང་། སྲིད་གྲོས་ཨུ་ཡོན་དང་བརྗེ་རེས་བྱས་པ་རེད། །
འཕྲིན་སྟེགས། weikangba