ཞི་རིམ་དུ་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དོན་འཁྱོལ་བྱེད།

2025-12-02
233

  ཧོ་པེ་དང་ཉིང་ཞ་ནས་རིག་ནུས་གསར་བསྐྲུན་མཉམ་སྤྱོད་དང་ཨང་ཀི་རིག་ནུས་ཅན་གྱི་བརྗེ་སྒྱུར་ལ་དམིགས་ནས། ཐོན་ཁུངས་ཕྱོགས་སྒྲིག་དང་མ་དཔེ་གསར་གཏོད་མངོན་འགྱུར་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ལེགས་བསྒྱུར་མཐོར་འདེགས་གང་ཐུབ་ཀྱིས་དངོས་གཉེར་དཔལ་འབྱོར་ཀྱི་གཞི་རྩ་བརྟན་ཐོག་རྒྱ་བསྐྱེད་པ་རེད།

  ཧོ་པེ་ཉིང་ཅིན་རྫོང་གི་རིག་ནུས་གསར་བསྐྲུན་མཉམ་སྤྱོད་འཁོར་ཤག་ཏུ། གློག་སྐུད་ཁེ་ལས་བཅུ་ལྷག་གིས་མངགས་ཐོ་བཟོ་བཞིན་ཡོད། འདས་ཟིན་པར། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་སྤྱིར་བཏང་གི་སྒྲིག་ཆས་ཀྱིས་དུས་ལྟར་མངགས་ཐོ་འགྲུབ་ཐབས་མེད་པས། སྣེ་ཁྲིད་ཁེ་ལས་ཆེ་གྲས་སྐོར་ཞིག་གིས་སྔོན་ཐོན་སྒྲིག་ཆས་ལ་ཐོན་སྐྱེད་མང་པོ་མེད་པས་སྒྲིག་ཆས་ཁ་རོག་བཞག་པའི་གནས་ཚུལ་ཡོད། གནད་དོན་འདི་ཐག་གཅོད་བྱེད་ཆེད། ས་གནས་དེ་གས་སྣེ་ཁྲིད་ཁེ་ལས་མང་པོ་ཕྱོགས་བསྡུས་བྱས་ནས་རིག་ནུས་ཅན་གྱི་ཐོན་སྐྱེད་འཁོར་ཐག་ང་བཞི་ཕྱོགས་བསྡུས་བྱས་ཏེ། ཁེ་ལས་ཆེ་འབྲིང་ལ་སྔོན་ཐོན་སྒྲིག་ཆས་མཉམ་སྤྱོད་བྱེད་བཅུག་ཡོད།

 ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་ནས། ཧོ་པེ་ཡིས་གསར་གཏོད་རང་བཞིན་གྱི་རིག་ནུས་གསར་བསྐྲུན་མ་དཔེ་མཉམ་སྤྱོད་བྱས་ཏེ། ཁྱད་ལྡན་ཐོན་ལས་བརྒྱ་དང་བདུན་གྱི་ནང་། ཡུལ་བབ་དང་བསྟུན་ནས་འཕྲུལ་མི་འདུས་པའི་མཉམ་སྤྱོད་ལས་གཞི་གསར་སྤེལ་བྱས་ཤིང་། ཐོན་སྐྱེད་ཀྱི་མ་ལག་ཡོངས་ལ་དམིགས་ནས། མ་རྒྱུ་སྔོག་འདོན་དང་ཞིབ་འཇུག་གསར་སྤེལ་གསར་གཏོད། ཚོད་ལྟའི་བདེན་དཔང་སོགས་མཉམ་སྤྱོད་ལྗོངས་གནས་དགུ་ཆགས་ཡོད། མིག་སྔར། ཧོ་པེ་ཡིས་མཉམ་སྤྱོད་བཟོ་གྲྭ་བརྒྱ་དང་གོ་བཞི་བཙུགས་ནས། མཉམ་སྤྱོད་སྒྲིག་ཆས་ཁྲི་གཅིག་སྟོང་ལྔ་བརྒལ་ཏེ། ཁེ་ལས་ཁྲི་གཉིས་ཙམ་ལ་རང་གཞན་གཉིས་ཁེ་བྱུང་ཡོད།

  ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དོན་འཁྱོལ་བྱས་ནས། ཧོ་པེ་ཡིས་གསར་གཏོད་ཀྱི་ཁ་ཕྱོགས་གསལ་ལོན་ཞིང་། དམིགས་གཏད་རང་བཞིན་གྱིས་ཁྱད་ལྡན་ཐོན་ལས་ཚོགས་ཁག་རིམ་སྤར་མཐོར་འདེགས་ལ་མཛུབ་སྟོན་བྱས་ཏེ། ཚོགས་ཁག་ཁེ་ལས་བཟོ་བསྐྲུན་དང་ཞབས་ཞུ། གསར་གཏོད་ནུས་པ་འདྲེས་སྦྱོར་མཉམ་སྤྱོད་གང་ཐུབ་བྱས་ཡོད།

  ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་གྱི་རིག་ནུས་འཕྲུལ་ཆས་ཐོན་སྐྱེད་ཁེ་ལས་འདི་ཡིས། མིས་བཟོས་རིག་ནུས་ཀྱི་མཐོང་སྣང་ཚད་ཞིབ་མ་ལག་དངོས་སུ་འཁོར་རྒྱུག་བྱས་ནས། ཐོན་རྫས་ཀྱི་དྲད་ཤུལ་དང་འབག་བཙོག་སོགས་རིགས་མི་འདྲ་བའི་ཕྱིའི་སྐྱོན་ཆ་བཅུ་ངོས་འཛིན་ཐིག་པོ་བྱེད་ཐུབ་ལ།ཉིན་རེར་སྒྲིག་ཆས་རེ་རེས་ཐོན་རྫས་ཁྲི་ལྷག་ཚད་ཞིབ་བྱས་ཏེ། མིས་བཟོའི་ཚད་ཞིབ་མྱུར་ཚད་ལྡབ་འགྱུར་གྱིས་འཕར་བར་མ་ཟད། ཚད་ཞིབ་ཐིག་ཚད་ཀྱང་མངོན་གསལ་མཐོར་འདེགས་བྱུང་ཡོད།

ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་སྐབས། ཉིང་ཞ་ཡིས་ཨང་ཀི་ཅན་གྱི་ལུགས་སྒྱུར་དེ་བཟོ་བསྐྲུན་ལས་རིགས་ལུགས་སྒྱུར་རིམ་སྤར་གྱི་ཐོད་བརྒལ་བྱེད་ས་བྱས་ནས། ལག་བསྟར་ཐབས་ཇུས་གཏན་ལ་ཕབ་པར་མ་ཟད། སྤྱི་སྤྱོད་ཞབས་ཞུའི་སྟེགས་བུ་བསྐྲུན་པ་དང་ཆེད་དོན་གསོ་སྦྱོང་སྤེལ་ནས། ཁེ་ལས་ཆུང་འབྲིང་ལ་ཨང་ཀི་ཅན་གྱི་ལུགས་སྒྱུར་ཚད་གཞི་ཇེ་དམའ་གཏོང་རོགས་བྱས་ཤིང་། དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་པ་སོགས་ཐོན་ལས་གཙོ་བོ་ཉིས་སྟོང་ལྷག་རིམ་འདས་སྟེགས་བུའི་ཐོག་བཞག་ཡོད།

  མིག་སྔར། ཉིང་ཞའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཨང་ཀི་ཅན་ལུགས་སྒྱུར་ཚད་བརྒྱ་ཆའི་ང་ལྔ་རུ་ཟིན་ཡོད་པས། ཨང་ཀི་ཅན་གྱི་ཁེ་ལས་ཀྱི་ཟིན་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད།

ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དོན་འཁྱོལ་བྱེད་ཀྱིན་ཡོད་ལ། མིག་སྔར། ཉིང་ཞས་ཐོན་ལས་དངོས་དང་སྦྲེལ་ནས། མུ་མཐུད་དུ་ཁེ་ལས་ཨང་ཀི་ཅན་གྱི་ལུགས་སྒྱུར་ལ་སྣེ་ཁྲིད་དེ། བཟོ་ལས་འབྲེལ་དྲ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་དང་དངོས་གཉེར་དཔལ་འབྱོར་འདྲེས་སྦྱོར་ཟབ་སྤེལ་བྱེད་དེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་གང་ཐུབ་བྱེད་ཀྱིན་ཡོད།


  • 顶