ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནས་རྒྱུས་ལོན་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་གདུང་དཔེ་གྲོང་སྡེའི་གསེར་གཏེར་ཆགས་གཞི་རྩད་ཞིབ་ཀྱི་ལས་གཞི་དེ་སི་ཁྲོན་ཞིང་ཆེན་གཏེར་རྫས་ཐོན་ཁུངས་གསོག་ཚད་ཞིབ་དཔྱད་ལྟེ་གནས་ཀྱིས་ཞིབ་དཔྱད་བྱས་ཟིན། ཞིབ་དཔྱད་འབྲས་བུ་ལས་མངོན་པ་ལྟར་ན། ཐེངས་འདིར་གདུང་དཔེ་གྲོང་སྡེའི་གསེར་གཏེར་ལ་ཞིབ་དཔྱད་བྱེད་པའི་ཁྲོད་གསེར་གྱི་ཐོན་ཁུངས་ཏུན་ཉིས་འབུམ་བརྒྱད་ཁྲི་ཉིས་སྟོང་བཞི་བརྒྱ་ཇེ་མང་སོང་ཡོད་པ་དང་། བསྡོམས་པས་གསེར་གྱི་ཐོན་ཁུངས་ཏུན་བརྒྱད་འབུམ་ཆིག་ཁྲི་ཆིག་བརྒྱ་རྩད་ཆོད་ཡོད་པས། གཞི་ཁྱོན་ཧ་ཅང་ཆེ་གྲས་ལ་ཟིན་ཡོད། གཏེར་རྫས་ཆགས་གཞིའི་གསེར་གྱི་ཆ་སྙོམས་སྤུས་ཀའི་དག་ཚད་ནི་ཏུན་རེར་ཁེ་སུམ་ཚེག་བདུན་ལྔ་ལྡན་པས། དེ་ནི་མིག་སྔའི་བར་སི་ཁྲོན་དུ་ཐོ་འགོད་ལེགས་གྲུབ་བྱུང་བའི་ཐོན་ཁུངས་ཚད་ཆེ་ཤོས་ཀྱི་གསེར་གཏེར་ཞིག་རེད།
གདུང་དཔེ་གྲོང་སྡེའི་གསེར་གཏེར་རྩད་ཞིབ་ཀྱི་ལས་ཀ་ནི་སི་ཁྲོན་ཞིང་ཆེན་ས་གཤིས་གཏེར་རྫས་རྩད་ཞིབ་གསར་སྦོལ་ཅུས་ཀྱི་ཁོངས་གཏོགས་ས་གཤིས་རུ་ཆེན་བཅུ་པས་འགན་འཁུར་ཡོད་པ་དང་། གསེར་གཏེར་དེ་ནི་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པར་རྙེད་ཡོད་ལ། སི་ཁྲོན་གྱི་ས་གཤིས་ལས་སྒྲུབ་མི་སྣས་མི་རབས་འགའི་རིང་མུ་མཐུད་དེ་དཀའ་སེལ་འགག་སྒྲོལ་བྱས་པ་བརྒྱུད། བསྡོམས་པས་སྨི་ཆིག་འབུམ་ཙམ་དང་དོང་ལམ་སྨི་བཞི་སྟོང་ཙམ་ཕུག་ཅིང་། རིགས་སོ་སོའི་མ་དཔེ་སུམ་ཁྲི་ལྔ་སྟོང་འཚོལ་སྡུད་བྱས་རྗེས། མཐར་གཏེར་ཁ་འཚོལ་ཞིབ་བྱེད་པའི་ལས་ཀར་ཐོད་བརྒལ་ཆེན་པོ་ཐོབ་ཡོད།

འཕྲིན་སྟེགས། weikangba