
འདི་ནི་ཟླ11པའི་ཚེས19ཉིན་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲིའམ་ཐེངས་གཉིས་པའི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་དཔོན་ཡོན་ཧྲི་ཡའོ་ཐན་ཏུང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི"ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ"ངོ་སྤྲོད་བྱེད་པའི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོགས་བསྡུས་ཉེར་སྤྱོད་ཀྱི་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་དཔོན་ནམ་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཕྱོགས་བསྡུས་ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ་དངོས་སུ་ཁྱབ་བསྒྲགས་བྱས་པ་མ་ཟད། ད་དུང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་རྣམ་པ་སྒྱུར་བའི་སྐོར་གྱི་ངེས་ཤེས་གསར་བར་འཆད་འགྲེལ་གནང་།
ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ་གཤམ་གསལ་ཏེ།
1.བརྒྱུད་རིམ་ཧྲིལ་པོར་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོབ་ལ་ཁྲིམས་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས།
2.ས་གོ་ལའི་བརྒྱུད་རིམ་ལྡན་པའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལས་སྟེགས་བསྐྲུན་ནས། ལས་གཞི་གལ་ཆེན་དང་རྒྱལ་ཁོངས་བརྒལ་བའི་གནོད་སྐྱོན་འགོག་སྲུང་ལ་ཞབས་ཞུ་སྒྲུབ་པ།
3.མཚོ་བོད་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཁུལ་འཛུགས་སྐྲུན་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཇེ་ལེགས་སུ་གཏོང་བའི་ཇུས་གཞི་བཏོན་ནས། ཚན་རིག་དང་མཐུན་པའི་སྒོ་ནས་བྱང་ཐང་དང་གཙང་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་རམ་འདེགས་བྱས།
4.མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ལས་གཞི་གལ་ཆེན་གྱི་གྲུབ་འབྲས་བཟང་པོར་དཔྱད་དཔོག་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་།
5.ཁྲོན་བོད་ལྕགས་ལམ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་གནོད་འཚེ་སྔོན་འགོག་གི་ལེགས་འདེམས་ཇུས་གཞི་བཏོན་ནས། འགྲིམ་འགྲུལ་ལས་གཞི་གལ་ཆེན་གྱི་བདེ་འཇགས་ལ་འགན་སྲུང་བྱས།
6.ལོ་མང་ས་འཁྱགས་ཁུལ་གྱི་གནོད་འཚེ་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་གསར་གཏོད་བྱས་ནས། མཚོ་བོད་མྱུར་བགྲོད་གཞུང་ལམ་ལས་གཞི་བསྐྲུན་པར་འདེགས་སྐྱོར་བྱས།
7.ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་འཁྱགས་ཀླུང་དང་། ཆུ། བྱེ་མ་བཅས་ཀྱི་གནོད་འཚེའི་ཉེན་ཁར་དཔྱད་དཔོག་བྱས་ནས། ཆུ་གློག་ལས་གཞི་གལ་ཆེན་བསྐྲུན་པར་ཞབས་ཞུ་སྒྲུབ་པ།
8.ལི་ཅཱ་དང་སྣུམ་རླངས་སོགས་གཏེར་རྫས་ཐོན་ཁུངས་ཀྱི་ད་ཡོད་གནས་ཚུལ་དང་རྒྱང་རིང་གི་དམིགས་ཡུལ་ལ་ཚད་བརྒལ་གསར་བ་བྱུང་ནས། མཚོ་བོད་མཐོ་སྒང་གི་འཐབ་ཇུས་ཐོན་ཁུངས་དང་ནུས་ཁུངས་གསོག་འཇོག་རྟེན་གཞི་བསྐྲུན་པར་འདེགས་སྐྱོར་བྱས།
9.མཚོ་བོད་མཐོ་སྒང་གི་དྲོད་ཁང་རླངས་གཟུགས་ཚན་རིག་རྟོག་ཞིབ་དྲ་རྒྱ་དང"གོང་དཀར"མ་ལག་གིས་ཐཱན་ཞིབ་རྩིས་ཐད་ཀྲུང་གོའི་མ་ལག་དང་གཞི་གྲངས་མཁོ་འདོན་བྱས་ཏེ། ཐཱན་གཉིས་དམིགས་འབེན་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ཞབས་ཞུ་སྒྲུབ་པ།
10.མཐའ་མཚམས་སྟོབས་ལྡན་དང་། མཐའ་བརྟན། མཐའ་དར་གྱི་འཕེལ་རྒྱས་རྣམ་པ་གསར་པ་བཏོན་ནས། ཚན་རྩལ་གྱིས་རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས་སྲུང་ཡོལ་བསྐྲུན་པར་འདེགས་སྐྱོར་བྱས་པ་བཅས་སོ། །

འདི་ནི་ཟླ11པའི་ཚེས19ཉིན་ཚོགས་ཞུགས་སྐུ་མགྲོན་གྱིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི"ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ"ཡི་འགྲེམ་སྟོན་ལ་ལྟ་བའི་རྣམ་པ་རེད།

འདི་ནི་ཟླ11པའི་ཚེས19ཉིན་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲིའམ་ཐེངས་གཉིས་པའི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་དཔོན་ཡོན་ཧྲི་ཡའོ་ཐན་ཏུང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི"ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ"ངོ་སྤྲོད་བྱེད་པའི་རྣམ་པ་རེད།
འཕྲིན་སྟེགས། weikangba