ཏིང་ཞུའེ་ཞང་གིས་ནའོ་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏི་ལ་ཐུག་འཕྲད་གནང་བ།

2025-11-13
296

ཟླ11པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིན་དུ་ནའོ་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏི་ལ་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིན་དུ་ནའོ་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏི་ལ་ཐུག་འཕྲད་གནང་། 

ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ནའོ་ཝེའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་མཐུན་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། ན་ནིང་ཟླ9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་སི་ཐེ་ལེ་དང་ཐུག་འཕྲད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་རེད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་འབྱུང་འགྱུར་ལོ5ཡི་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་ཡོད་པས། ཀྲུང་གོ་དང་ནའོ་ཝེའི་མཉམ་ལས་ལ་གོ་སྐབས་དེ་བས་མང་པོ་མཁོ་འདོན་ཐུབ་རྒྱུ་རེད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་ཚོང་དོན་མ་འཇོག་དང་ལྗང་མདོག་ཚུལ་བསྒྱུར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་མང་པོ་བསྐྲུན་དགོས། 

ཨའེ་ཏི་ཡིས་ཀྲུང་གོས་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་སོགས་ཀྱི་ཐད་ཐོབ་པའི་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ནས་བསྟན་དོན། ནའོ་ཝེའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་བྱེད་པ་དང་། ནའོ་ཝེ་དང་ཀྲུང་གོའི་འབྲེལ་བ་སྔར་བས་མཐོ་རུ་བཏང་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་ཆུ་ཚད་གསར་པ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད། །


  • 顶