
ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཕེབས་ཏེ་འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་ལ་ཞུགས་པའི་ཏོ་སྨི་ཉི་ཁེའི་སྲིད་འཛིན་པོ་ཏུན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཕེབས་ཏེ་འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་ལ་ཞུགས་པའི་ཏོ་སྨི་ཉི་ཁེའི་སྲིད་འཛིན་པོ་ཏུན་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཏོ་སྨི་ཉི་ཁེ་ནི་ཀྲུང་གོའི་ཅ་ལེ་པི་ས་ཁུལ་གྱི་གྲོགས་པོ་བཟང་པོ་ཡིན། འབྲེལ་བ་བཙུགས་པའི་ལོ་ངོ20ལྷག་གི་རིང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་བྱེད་ཤུགས་སྲ་བརྟན་དུ་བཏང་ལ། ཁྱབ་ཁོངས་སོ་སོས་སྤེལ་རེས་དང་མཉམ་ལས་མང་པོ་བྱས་ནས། མི་དམངས་བར་གྱི་མཛའ་བརྩེ་ཉིན་རེ་བཞིན་ཇེ་ཟབ་ཏུ་ཡིན་ཞིང་། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་ཇེ་བརྟན་དུ་གཏོང་དགོས་ལ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་བསྣན་ནས། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བར་གྱི་འགྲོ་འོང་དམ་ཟབ་ཏུ་གཏོང་དགོས། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཏོ་སྨི་ནི་ཁེ་ཕྱོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པ་དང་གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་གཙང་མ། སྨན་བཅོས་འཕྲོད་བསྟེན། ཞིང་ལས། བུད་མེད་ལ་དབང་ཆ་སྤྲོད་པ་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་མི་ཆོས་སྤེལ་རེས་དམ་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་མཉམ་དུ་ལག་བསྟར་བྱས་ཏེ། རྩ་འཛུགས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་ཀྱི་གཅིག་མཐུན་ལྟ་བ་དོན་འཁྱོལ་བྱས་ཏེ། བུད་མེད་ཀྱི་ནུས་པའི་འཛུགས་སྐྲུན་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།
པོ་ཏུན་གྱིས་བསྟན་དོན། ཀྲུང་གོ་ནི་ཏོ་སྨི་ནི་ཁེ་ཡི་རླབས་ཆེན་གྱི་གྲོགས་པོ་དང་ཆེས་གཅེས་པའི་གྲོགས་པོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱི་རྩ་ཆེའི་རྒྱབ་སྐྱོར་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་བརྩེ་ལ་བཀའ་དྲིན་ཆེ་ཞུ། ཏོ་སྨི་ནི་ཁེ་དང་ཀྲུང་གོར་ཐུན་མོང་གི་འདུ་ཤེས་དང་འཚོལ་སྙེག་ཡོད་པས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་བ་ཡིན་ན། གཞི་ནས་ཏོ་སྨི་ནི་ཁེའི་མི་དམངས་ལ་འོད་སྟོང་འཕྲོ་བའི་མདུན་ལམ་བསྐྲུན་ཐུབ། ཏོ་སྨི་ནི་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ལྗང་མདོག་དཔལ་འབྱོར། ནུས་ཁུངས་གསར་པ། འཕྲོད་བསྟེན། གནམ་གཤིས་འགྱུར་ལྡོག་ལ་གདོང་གཏོད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་ཏུ་གཏོང་བ། ལ་ཏིང་མེ་གླིང་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་རྩོམ་འདོད་ཡོད། ཀྲུང་གོ་འདི་ཉིད་དེང་སྐབས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་གི་སྟོབས་ཤུགས་གལ་ཆེན་ཡིན་པའི་ཆ་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་རྩ་འཛུགས་བྱེད་པའི་རེ་འདུན་བཏོན་ནས། འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་འཛམ་གླིང་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་ལ་ཡར་སྐུལ། རྒྱལ་ཁབ་སོ་སོའི་མི་སེམས་ལ་སྐུལ་མ་བཏང་བར་བརྟེན། དེ་ནི་འཛམ་གླིང་གི་རེ་བའི་སྒྲོན་མེ་ལྟ་བུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ འཛམ་གླིང་ཤེས་རིག་གི་གྲོས་འགོ འཛམ་གླིང་བཅོས་སྐྱོང་གི་གྲོས་འགོ་བཅས་ཀྱིས་རྒྱལ་ཁབ་སོ་སོའི་ཞི་བདེ་མཉམ་གནས་དང་ཐུན་མོང་དར་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས། ཏོ་སྨི་ཉི་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཝང་དབྱི་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba