ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་ཨཱ་མཱ་ལ་སུའུ་ལི་ཡར་ཐུག་འཕྲད་གནང་།

2025-10-16
318

ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོ་རུ་འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་ལ་ཞུགས་པའི་སི་རི་ལན་ཁའི་ཙུང་ལི་ཨཱ་མཱ་ལ་སུའུ་ལི་ཡར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོ་རུ་འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་ལ་ཞུགས་པའི་སི་རི་ལན་ཁའི་ཙུང་ལི་ཨཱ་མཱ་ལ་སུའུ་ལི་ཡར་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སི་རི་ལན་ཁའི་སྲོལ་རྒྱུན་མཛའ་འབྲེལ་ལ་ལོ་རྒྱུས་ཡུན་རིང་ལྡན་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་མི་འདྲ་བའི་བར་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་བསྟན་ཡོད། ཀྲུང་གོ་དང་སི་རི་ལན་ཁ་གཉིས་ནི་འཕེལ་རྒྱས་ལམ་གྱི་གྲོགས་པོ་དང་མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་བཟང་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སི་རི་ལན་ཁ་མཐའ་འབྲེལ་ཁ་ཕྱོགས་གལ་ཆེན་ལ་བརྩི་བཞིན་ཡོད། སི་རི་ལན་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་སྲོལ་རྒྱུན་གྱི་མཛའ་འབྲེལ་རྒྱུན་འཛིན་བྱེད་འདོད་ཡོད། གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་སི་རི་ལན་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སི་རི་ལན་ཁས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དེ། དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཏེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་བྱེད་དགོས། ཀྲུང་གོས་སི་རི་ལན་ཁ་དང་སྤུས་ཚད་མཐོ་བའི་ངང"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱེད་འདོད་ཡོད། གྲུ་ཁའི་དཔལ་འབྱོར་དང་དེང་རབས་ཞིང་ལས། གཞི་གྲངས་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། ཡུལ་སྐོར་སོགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ཕྱོགས་གཉིས་ཀྱིས་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་མཚམས་ལས་བརྒལ་བའི་རྒྱན་འགྱེད་དང་མགོ་གཡོག་མགོ་སྐོར་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས།

ཨཱ་མཱ་ལ་སུའུ་ལི་ཡས་སྲིད་འཛིན་ཏི་ས་ན་ཡ་ཁེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་གནང་སྟེ་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དོན་སྙིང་ཟབ་མོ་ལས་ཀྲུང་གོས་འཛམ་གླིང་གི་བུད་མེད་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་མགོ་ཁྲིད་ཀྱི་ནུས་པ་གལ་ཆེན་མངོན་ཡོད། སི་རི་ལན་ཁས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱས་ནས། སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ཁྲོད་ཧུར་ཐག་གིས་ཞུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་རྩ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་གཞིར་བཟུང་ནས་ཀྲུང་གོ་དང་མཉམ་ལས་སྔར་ལས་དམ་ཟབ་བྱས་ཏེ། རང་ངོས་ཀྱི་འཕེལ་རྒྱས་གསར་པ་མངོན་འགྱུར་ཡོང་བའི་རེ་བ་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འགོ་དེ་མིག་སྔའི་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་དོན་སྙིང་གལ་ཆེན་ལྡན་སྟབས། སི་རི་ལན་ཁས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་བསྟར་བྱས་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་ཡིན།

ཝང་དབྱི་ཐུག་འཕྲད་ལ་ཞུགས། །


  • 顶