ལི་ཆང་གིས་ཅ་ནའི་སྲིད་འཛིན་མཱ་ཧ་མཱ་ལ་ཐུག་འཕྲད་གནང་།

2025-10-15
215

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས13ཉིན་པེ་ཅིན་དུ་ཀྲུང་གོར་འཛམ་གླིང་བུད་མེད་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཅ་ནའི་སྲིད་འཛིན་མཱ་ཧ་མཱ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས13ཉིན་པེ་ཅིན་དུ་ཀྲུང་གོར་འཛམ་གླིང་བུད་མེད་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཅ་ནའི་སྲིད་འཛིན་མཱ་ཧ་མཱ་ལ་ཐུག་འཕྲད་གནང་།

ལི་ཆང་གིས་བསྟན་དོན། དུས་ཡུན་རིང་པོའི་ནང་། ཀྲུང་གོ་དང་ཅ་ནས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་མཛའ་མཐུན་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་ལོ་རྒྱུས་ཡུན་རིང་ལྡན། ན་ནིང་། ཀྲུང་གོ་དང་ཅ་ནའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྤར་ཞིང་། རྒྱལ་ཁ་བགཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་ལ་གོ་སྐབས་གསར་བ་བསྩལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་ཐུག་འཕྲད་གྲོས་མོལ་གནང་ནས། ཀྲུང་གོ་དང་ཅ་ན་ཡི་འབྲེལ་བ་ཇེ་ལེགས་སུ་གཏོང་བར་འཆར་གཞི་གསར་བ་བཟོས། ཀྲུང་གོ་ཕྱོགས་ཀྱིས་ཅ་ན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཁྱོངས་བྱས་ཏེ། དངོས་བརྩོན་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་ཅ་ནའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དང་དོན་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མབའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོས་ཅ་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཅ་ན་ཕྱོགས་དང་མཉམ་དུ་མུ་མཐུད་དུ“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་འཛུགས་སྐྲུན། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་དམ་དུ་བཏང་ནས། མི་གཞུང་རིག་གནས་ཀྱི་འགྲོ་འོང་ཇེ་ཟབ་དུ་གཏོང་བ་དང་། ཀྲུང་གོ་དང་ཅ་ན་ཡི་འཐབ་ཇུས་རོགས་རེས་འབྲེལ་བ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཅ་ན་ནི་འཛམ་གླིང་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་གལ་ཆེན་ཡིན་པས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱལ་ཁབ་སོ་སོས་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་འོས།

མཱ་ཧ་མས་བསྟན་དོན། ཅ་ན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ལ་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་ལྟོས་བྱས་ཡོད། ཅ་ན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་བཅོས་སྐྱོང་གི་གྲོས་གཞིར་རྒྱབ་སྐྱོར་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད།

ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །


  • 顶