ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་པ་ཕུའུ་ཡ་ཞིན་ཅི་ནེ་ཡའི་ཙུང་ལི་གཞོན་པ་ལུའོ་སོ་དང་པའོ་ཅ་ལི་ཡའི་ཙུང་ཐུང་གཞོན་པ་ཡུའེ་ཐོ་ཝ་ལ་སོ་སོར་ཐུག་འཕྲད་གནང་།

ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་པ་ཕུའུ་ཡ་ཞིན་ཅི་ནེ་ཡའི་ཙུང་ལི་གཞོན་པ་ལུའོ་སོ་ལ་ཐུག་འཕྲད་གནང་།
ལུའོ་སུའོ་ལ་ཐུག་འཕྲད་གནང་སྐབས་ཧན་ཀྲིན་གྱིས་བསྟན་དོན། ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་པ་ཕུའུ་ཡ་ཞིན་ཅི་ནེ་ཡའི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཤུགས་ཆེན་རྒྱུན་འཁྱོངས་བྱས་ཡོད། ཟླ་བ་གོང་མར་ཁྱེད་ཚོའི་རྒྱལ་ཁབ་ཀྱིས་རང་བཙན་བྱས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་གཟབ་རྒྱས་འཚོགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཕོ་ཉ་ཁྱེད་ཚོའི་རྒྱལ་ཁབ་ཏུ་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ཡོད། སང་ལོར་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་པ་ཕུའུ་ཡ་ཞིན་ཅི་ནེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་པ་ཕུའུ་ཡ་ཞིན་ཅི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཕོ་མོ་འདྲ་མཉམ་དང་བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་འདོད་ཡོད།
ལུའོ་སུའོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་ཕུལ་བྱུང་སྒོས་གཙོ་གཉེར་བྱས་པ་དང་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་། པ་ཕུའུ་ཡ་ཞིན་ཅི་ནེ་ཡས་ཀྲུང་གོ་འདི་ཉིད་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་བསྐྱེད་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་བྱ་རྒྱུ་ཡིན་པར་བསྟན།

ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་པའོ་ཅ་ལི་ཡའི་ཙུང་ཐུང་གཞོན་པ་ཡུའེ་ཐོ་ཝ་ལ་སོ་སོར་ཐུག་འཕྲད་གནང་།
ཡུའེ་ཐོ་ཝ་ལ་ཐུག་འཕྲད་གནང་སྐབས་ཧན་ཀྲིན་གྱིས་བསྟན་དོན། པའོ་ཅ་ལི་ཡ་ནི་འཛམ་གླིང་ཐོག་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་རྒྱལ་ཁབ་གཉིས་པ་དེ་ཡིན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་པའོ་ཅ་ལི་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་བརྟན་རླིང་ངང་འཕེལ་རྒྱས་ཕྱིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ལམ་སྲོལ་གྱི་སྐུལ་འདེད་འོག ཀྲུང་གོ་དང་པའོ་ཅ་ལི་ཡའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ལེགས་པོ་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པའོ་ཅ་ལི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། པའོ་ཅ་ལི་ཡ་ཕྱོགས་དང་མཛའ་གྲོགས་འགྲོ་འོང་ཇེ་ཟབ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་བ་དང་། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་འདོད་ཡོད། པའོ་ཅ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད།
ཡུའེ་ཐོ་ཝ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བསྔགས་བརྗོད་ཆེན་པོ་གནང་སྟེ།པའོ་ཅ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱོགས་གཉིས་དང་ཕྱོགས་མང་གི་སྤེལ་རེས་མཉམ་ལས་དམ་ཟབ་བྱས་ཏེ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་དུ་སྤེལ་འདོད་ཡོད། པའོ་ཅ་ལི་ཡ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། །
འཕྲིན་སྟེགས། weikangba