མཐོ་སྒང་གི་སྟོན་གྱི་རང་མདངས།

2025-10-14
308

undefined

པར་འདི་ནི་མཐོ་སྒང་གི་སྟོན་གྱི་རང་མདངས་རེད།

undefined

པར་འདི་ནི་ཡུལ་སྐོར་པས་སྟོན་ལྗོངས་ཁྲོད་འདྲ་པར་བསྐྱོན་བཞིན་པའི་ཚུལ་རེད། 

undefined

པར་འདི་ནི་མཚོ་ངོགས་ཀྱི་གཙོད་ཁྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཟླ་བཅུ་པའི་དུས་སུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཝུའུ་ལན་མཚོ་རྒྱལ་ཁབ་བརླན་ས་སྤྱི་གླིང་དུ་བསྐྱོད་པ་ན། མཚོ་ངོས་ལ་ཉི་འོད་འཕྲོས་ཚེ་འོད་ཆེམ་ཆེམ་བྱེད་པ་དང་། མཚོ་ངོགས་ཀྱི་རྩྭ་དང་རྩི་ཤིང་ལ་དབྱར་གྱི་ལྗང་མདོག་ཤོར་ཏེ་མདོག་དམར་ཅན་གྱི་གོས་བཟང་མནབས་འདུག་པ་ནི་ཡངས་ཤིང་ཆེ་བའི་ས་གདན་དམར་པོ་ཞིག་ས་ཆེན་གྱི་པང་དུ་བཏིང་འདུག་པ་དང་གཉིས་སུ་མ་མཆིས། གཙོད་ཁྱུ་འགའ་ཡིས་ལྡེམ་མྱུར་གོམ་འགྲོས་ཀྱི་སྟངས་སྟབས་ངོམ་བཞིན་ས་ཆེན་གྱི་ཕང་བ་རུ་སོར་ཡང་བའི་རྐང་རྗེས་དཔར་བཞིན་འདུག་ལ། ལུས་མདོག་སེར་སྐྱ་ཅན་དང་དམར་མདོག་གི་སྤང་ཐང་གཉིས་ཀྱིས་ཕན་ཚུན་ལ་ལེགས་པར་བརྒྱན་ཡོད། དབྱིག་འཛིན་སྒེག་མོ་འདི་ཡིས་ཡིད་འོང་གི་རང་མདངས་སྣུམ་པོས་མཚོ་བོད་མཐོ་སྒང་གི་ཆེས་མཚར་སྡུག་ལྡན་པའི་སྟོན་གྱི་མཛེས་པ་མ་ལུས་ཡོངས་སུ་མངོན་བཞིན་འདུག །


  • 顶