《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》དཔེ་སྐྲུན་འགྲེམ་སྤེལ་བྱས།

2025-10-13
437

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲིན་བཅར་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》(གཤམ་དུ་བསྡུས་མིང་ལ《ཀློག་དེབ》ཞེས་བསྡུ་རྒྱུ)ཞེས་པའི་དཔེ་དེབ་དེ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་ལངས་ནས། འཕྲིན་བཅར་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། འཕྲིན་བཅར་ལས་དོན་གྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་སེམས་མཚོན་པ་དང་། འགལ་བ་དང་རྩོད་གཞི་སེལ་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཁྲོད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་བློ་གལ་ཆེན་གྱིས་མཐོང་རྒྱ་གསར་རྐྱང་གི་ཐོག་ནས་འཕྲིན་བཅར་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་དང་། དུས་རབས་གསར་པའི་འཕྲིན་བཅར་ལས་དོན་ཡག་པོ་སྒྲུབ་རྒྱུར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད། 《ཀློག་དེབ》ལ་བསྡོམས་པས་ལེའུ9ཡོད་ཅིང་། ཏང་གིས་འཕྲིན་བཅར་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་གོང་དུ་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་སེམས་ཁྲལ་མཉམ་སྤྱོད་བྱེད་པའི་ཆབ་སྲིད་འགན་འཁྲི་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་བློའི་ལྟེ་བའི་དོན་སྙིང་དང་། བསམ་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་བྱས་ཡོད། 

《ཀློག་དེབ》པར་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། འཕྲིན་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འཕྲིན་བཅར་ལས་དོན་གྱི་ཆར་བརྟག་ཡོ་བྱད་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱིས་སྒོ་ཁར་སྐྱེལ་བའི་ལས་དོན་ཡག་པོར་བསྒྲུབས་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད། །


  • 顶