
ས་གནས་དེའི་དུས་ཚོད་ཟླ10པའི་ཚེས9ཉིན་གྱི་སྔ་དྲོར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཆེད་བཏང་གནམ་གྲུར་བཞུགས་ནས་ཕིང་རང་དུ་འབྱོར་ཏེ། ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་མ་ཟད། ཁྲའོ་ཞན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུ་ལྟར། ས་དེའི་དུས་ཚོད་ཟླ10པའི་ཚེས9ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཆེད་བཏང་གནམ་གྲུར་བཞུགས་ནས་ཕིང་རང་དུ་འབྱོར་ཏེ། ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་མ་ཟད། ཁྲའོ་ཞན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།
ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ནང་སྲིད་ཀྱི་ཙུང་ལི་ཕེའོ་ཐའེ་ཁྲེང་གིས་ཏང་དང་སྲིད་གཞུང་གི་མཐོ་རིམ་དཔོན་མིའི་སྣེ་ཁྲིད་དེ་གནམ་གྲུ་ཐང་དུ་བསུ་མ་ཞུས་པ་མ་ཟད། ལི་ཆང་ལ་དགའ་བསུའི་མཛད་སྒོ་བསྡུས། དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་གླུ་དཀྲོལ། ལི་ཆང་གིས་ཕེའོ་ཐའེ་ཁྲེང་གི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། ཁྲའོ་ཞན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཡ་ཅུན་ཡང་གནམ་གྲུ་ཐང་དུ་ཡོང་སྟེ་བསུ་བ་བྱས།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད། ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱི་འཐབ་ཇུས་སྣེ་ཁྲིད་དང་སྐུ་དངོས་ཀྱི་སྐུལ་འདེད་འོག ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བར་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་གསར་པ་རྒྱས། ད་ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་ཀྲུང་གོར་ཕེབས་ནས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་བྱེད་སྒོར་ཞུགས་པ་མ་ཟད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་ཡང་བསྐྱར་བདེ་བླག་ངང་ཐུག་འཕྲད་གནང་ནས། ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ཆགས་ནས་ཀྲུང་ཁྲའོ་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོས་ཁྲའོ་ཞན་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། འཐབ་ཇུས་བརྗེ་རེས་ཐད་ཤུགས་སྣོན་པ། འབྲེལ་འདྲིས་དམ་ཟབ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་དང་ཁྲའོ་ཞན་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་བའི་ཝུའུ་ཀྲིན་ལུང་སོགས་གནམ་གྲུ་གཅིག་བསྡད་དེ་བྱང་ཁོ་རེ་ཡ་རུ་འབྱོར། །
འཕྲིན་སྟེགས། weikangba