《རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་འཕྲལ་སྡོམ་སྔོན་ཇུས་》དང་འདི་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་18པ་“ཧོང་ཅ་ཧྲ་”ཡི་རྐྱེན་གྱིས་ཀོང་ཏུང་ཞིང་ཆེན་ལ་གནོད་འཚེ་ཕོག་ཚུལ་ལ་གཞིགས་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འཕྲལ་མར་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་2བཏང་སྟེ་ཀོང་ཏུང་ཞིང་ཆེན་ལ་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་རྗེས་ཀྱི་འཕྲལ་སྡོམ་སླར་གསོ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། གཙོ་བོ་གནོད་འཚེ་ཕོག་ཁུལ་གྱི་གནོད་འཚེ་ཕོག་པའི་གཞུང་ལམ་དང་། ཟམ་པ། ཆུ་རགས། སློབ་གྲྭ་དང་སྨན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སླར་གསོ་བྱ་རྒྱུའི་ཐད་སྤྱད་དེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
འཕྲིན་སྟེགས། weikangba