ཀྲའོ་ལེ་ཅི་ཡིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་བ།

2025-09-25
381

ཟླ9པའི་ཚེས23ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འཐུས་ཚབ་ཚོགས་པའི་ཧྲི་སྨི་སི་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ9པའི་ཚེས23ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འཐུས་ཚབ་ཚོགས་པའི་ཧྲི་སྨི་སི་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཀྲའོ་ལེ་ཅི་ཡིས་གསུངས་རྒྱུར། ད་ལོའི་ཚུན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཐེ་རོམ་ཕུའུ་ལ་ཁ་པར་ཐེངས3ལ་བཏང་ནས། ཀྲུང་ཨ་འབྲེལ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་ཨ་འབྲེལ་བ་གཏན་འཇགས་དང་བདེ་ཐང་། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་ནི་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་མི་དམངས་ཀྱི་ཐུན་མོང་གི་རེ་གཞག་ཡིན། ཕན་ཚུན་བརྩི་བཀུར་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་ནི་ཀྲུང་ཨ་འབྲེལ་བ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་བརྩི་སྲུང་ཡིན། ཕྱོགས་གཉིས་ཀྱིས་རྗེས་དཔག་དང་དོན་དངོས། དྲང་བདེན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། བརྗེ་རེས་ལ་ཤུགས་སྣོན་དང་། མཐུན་པ་བརྩོན་ལེན་དང་མི་མཐུན་སོར་འཇོག་གིས་ཡིད་རྟོན་ཇེ་ཆེ་དང་དོགས་གཞི་སེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་འཛམ་གླིང་དཔལ་འབྱོར་ལ་སྔར་ལས་མང་བའི་གཏན་འཇགས་རང་བཞིན་བསྩོལ་དགོས། ཐའེ་ཝན་གནད་དོན་ནི་ཀྲུང་ཨ་འབྲེལ་བའི་ནང་གི་ཆེས་གལ་ཆེན་དང་ཆེས་ཚོར་སྐྱེན་གྱི་གནད་དོན་ཡིན་པས། ཨ་རི་ཕྱོགས་ཀྱིས་དངོས་གནས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ཞུས་ནས། ཐའེ་ཝན་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨ་རི་རྒྱལ་ཚོགས་དང་འགྲོ་འོང་བྱེད་པར་ཤུགས་བསྣན་ནས། སྔར་ལས་མང་བའི་བརྗེ་རེས་དང་ཕན་ཚུན་མཚམས་འདྲི་མངོན་འགྱུར་བྱས་ཏེ། ཀྲུང་ཨ་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་དགོས། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་སྔར་ལས་མང་པོ་ཀྲུང་གོར་ལྟ་སྐོར་དང་འཚམས་འདྲི་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། །


  • 顶