ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་ཚེས23ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། ཟླ8པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར10154ཡིན་པ་དང་དུས་མཉམ་ལས5%འཕར་ཡོད།
ཐོན་ལས་ཀྱི་གློག་སྤྱོད་ཚད་ལ་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར164ཡིན་པ་དང་། དུས་མཉམ་ལས9.7%འཕར་ཡོད། ཐོན་ལས་གཉིས་པའི་གློག་ཚད་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར598ཡིན་པ་དང་། དུས་མཉམ་ལས5%འཕར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར2046ཡིན་པ་དང་། དུས་མཉམ་ལས7.2%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1963ཡིན་པ་དང་། དུས་མཉམ་ལས2.4%འཕར་ཡོད།
ཟླ1པོ་ནས་ཟླ8པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་བསྡོམས་པས་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར68788ཡིན་པ་དང་། དུས་མཉམ་ལས4.6%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར64193ལ་སླེབས་ཡོད། ཐོན་ལས་ཀྱི་གློག་སྤྱོད་ཚད་ལ་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1012་ཡིན་པ་དང་། དུས་མཉམ་ལས10.6%འཕར་ཡོད། ཐོན་ལས་གཉིས་པའི་གློག་ཚད་སྤྱོད་ཚད་སྟོང་ཝ་དུང་ཕྱུར43386ཡིན་པ་དང་། དུས་མཉམ་ལས3.1%འཕར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར13297ཡིན་པ་དང་། དུས་མཉམ་ལས7.7%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར11094ཡིན་པ་དང་། དུས་མཉམ་ལས6.6%འཕར་ཡོད། །
འཕྲིན་སྟེགས། weikangba