ཞི་ཅིན་ཕིང་གིས་ཞིན་ཅང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིར་ཐུག་འཕྲད་གནང་བ།

2025-09-24
318

ཞི་ཅིན་ཕིང་གིས་ཞིན་ཅང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིར་ཐུག་འཕྲད་གནང་བ་དང་། ཝང་ཧུའུ་ཉིང་དང་ཚའེ་ཆི་ཐུག་འཕྲད་ལ་ཞུགས།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིར་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས23ཉིན་གྱི་ཕྱི་དྲོར་ཞིན་ཅང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིར་ཐུག་འཕྲད་གནང་ནས། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཞིན་ཅང་གི་རིགས་སོ་སོའི་བུ་ཕྲུག་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་ཟོལ་མེད་སྨོན་འདུན་ཞུས་ལ། ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྔར་ལས་ལྷག་པའི་མཛེས་སྡུག་གི་ཞིན་ཅང་འཛུགས་སྐྲུན་བྱ་རྒྱུའི་རེ་བ་བཏོན།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་འཐུས་མིར་ཐུག་འཕྲད་གནང་བའི་ཚུལ་རེད།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིར་ཐུག་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་ཕྱག་གཡུག་གནང་ནས་གུས་འདུད་ཞུ་བའི་ཚུལ་རེད།

ཞི་ཅིན་ཕིང་སོགས་ཐུག་འཕྲད་ཡུལ་དངོས་སུ་ཕེབས་པ་ན། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གནང་ནས་གུས་འདུད་ཞུས་ལ། མཚམས་རེར་འཐུས་མི་དང་བྱམས་བརྩེའི་བརྗེ་རེས་གནང་བ་མ་ཟད། ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིར་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་གི་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ལ་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་མིར་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་མིར་ཐུག་འཕྲད་གནང་།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་པའི་འཐུས་མིར་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་གཞི་རིམ་ཆོས་ལུགས་བྱ་བའི་ལས་བྱེད་མི་སྣའི་འཐུས་མིར་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཞི་ཅིན་ཕིང་གིས་ད་དུང་བྱམས་བརྩེའི་ངང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་འབྲེལ་ཡོད་སྡེ་ཁག ས་ཁུལ་དང་ཁུལ་སོ་སོའི་འགན་ཁུར་བློ་མཐུན་དང་བློ་མཐུན་རྒན་པའི་འཐུས་མི། ཞིན་ཅང་འཛུགས་སྐྲུན་དམག་དཔུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན། ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་མི། སྲིད་ཁྲིམས་ཉེན་རྟོག་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་གཞི་རིམ་ཆོས་ལུགས་བྱ་བའི་ལས་བྱེད་པའི་འཐུས་མི་སོགས་ལ་ཐུག་འཕྲད་གནང་།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་རུ་ཞིན་ཅང་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་འཐུས་མིར་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆི་ལ་སྡོད་པའི་དམག་དཔུང་གི་ཧྲང་ཞའོ་ཡན་གྱི་མགོ་ཁྲིད་ལས་བྱེད་དང་གཞི་རིམ་སྔོན་ཐོན་མིག་དཔེ་དང་ཞི་བའི་ལས་འགན་ཁུར་མཁན་སྐོར་ཞིག་ལ་བྱམས་བརྩེའི་ངང་ཐུག་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་ཞུས་ནས་ཞིན་ཅང་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད་ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།

ཝང་ཧུའུ་ཉིང་དང་ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥིང་། ཝང་ཞའོ་ཧུང་། ཞུའེ་ཁི་ལའེ་ཐི་ཀྲ་ཁོ་ཨེར། ཧྲིན་དབྱི་ཆིན། ཝང་ཏུང་ཧྥེང་དང་ལིའུ་ཀྲིན་ལི། ཞིན་ཅང་དུ་བྱ་བ་སྒྲུབ་མྱོང་པའི་བློ་མཐུན་རྒན་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་འབྲེལ་ཡོད་ཐུག་འཕྲད་ལ་ཞུགས། །


  • 顶