དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད་བྱེད།

2025-09-22
427

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་ཞིང་མི་རིགས་ཁག་བར་འགྲོ་འོང་དང་འབྲེལ་འདྲིས་སྤེལ་རེས་ཇེ་དྲག་གཏོང་དགོས་ཞེས་གསུངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཞིན་ཅང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་སུ་ཁྱབ་སྟེ། མི་རིགས་བར་སེའུ་འབྲུ་འཐུམ་པ་བཞིན་ཇེ་དམ་ནས་ཇེ་དམ་ཕྱིན་ནས་མི་རིགས་མཐུན་སྒྲིལ་དང་མཉམ་དུ་དར་རྒྱས་ཕྱུག་གྱུར་གྱི་གཟི་བརྗིད་ལྡན་པའི་ལེའུ་གསར་པ་རྩོམ་བཞིན་ཞིང་མཆིས།

  ཐུའུ་ལུའུ་ཧྥན་གྲོང་ཁྱེར་ཞིན་ཁྲེན་ཞི་མོན་གྲོང་སྡེ་ནི་མི་རིགས་མང་པོའི་འཚོ་སྡོད་བྱས་པའི་གྲོང་སྡེ་ཞིག་ཡིན་ལ། མི་རབས་ནས་མི་རབས་བར་རྒུན་འབྲུམ་རྨོས་ནས་འཚོ་བ་་སྐྱེལ་བཞིན་ཡོད།མིག་སྔར་གྲོང་པའི་ནང་གི་གྲོང་གསེབ་ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་བྱུང་ཞིང་། བཟོ་གྲྭ་འཛུགས་པ་དང་གློག་རྡུལ་ཚོང་གཉེར་དང་། ཁང་གསར་ལས་པ་དང་ཞག་སྡོད་མགྲོན་ཁང་གཉེར་བ། ཧུའུ་ནན་གྱི་ཧྲི་པ་ཏུང་གྲོང་སྡེའི་མིའོ་རིགས་སྤུན་ཟླ་དང་ཟླ་ངསྒྲིལ་ནས། གྲོང་པའི་ཐུན་མོང་གི་ཡོང་སྒོ་ལོ་བཅུའི་སྔོན་ལས་ལྡབ་བཅུ་འཕར་ཡོད། ཞིན་ཅང་གནའ་སྔ་མོ་ནས་མི་རིགས་མང་པོའི་འདུས་སྡོད་ས་ཁུལ་ཡིན།ལྗོངས་བཙུགས་ནས་ལོ་ངོ་བདུན་ཅུའི་རིང་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཞིན་ཅང་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་ཏེ། མི་རིགས་ཁག་འདྲ་མཉམ་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བའི་རྣམ་པ་གསར་པ་གཏོད་ཡོད།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་གི་མི་རིགས་མཐུན་སྒྲིལ་ལས་དོན་ལ་མཐོང་ཆེན་དང་། གྲོས་ཚོགས་གལ་ཆེན་ཐེངས་མང་འཚོགས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་གྱི་དཔྱད་བརྗོད་གལ་ཆེན་གསར་གཏོད་ཅན་དུ་བཏོན་པར་མ་ཟད། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་སོ་སོའི་གཙོ་གནད་གཏན་ཁེལ་བྱས་ཡོད།

ཞིང་ཅང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་མཐོ་སློབ་སློབ་གླིང་དུ་ཕེབས་ནས་ཤེས་འཇོན་མི་སྣ་གསོ་སྐྱོང་དང་མི་རིགས་འབྲེལ་འདྲིས་སྐོར་རྒྱུས་ལོན་ཞིབ་ཕྲ་མཛད། གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་སྙིང་ཉེ་བའི་ཞལ་བརྡ་གནང་ཞིང་། ཁོ་ཚོས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ཐུགས་རེ་ཆེན་པོ་གནང་བ་རེད། འདུས་ཁུལ་དང་གྲོང་སྡེ་རུ། སྤྱི་ཁྱབ་ཧྲུའུ་ཅིས་ཚང་མ་ལ་ཕན་ཚུན་ཉ་ཆུ་ཕྲད་པའི་བརྩེ་བས་འབྲེལ་བ་དང་རོགས་རམ་བྱེད་དེ། མཛེས་སྡུག་གི་ཁྱིམ་གཞིས་མཉམ་སྐྲུན་དང་མ་འོངས་མཛེས་སྡུག་མཉམ་སྐྲུན་བྱེད་པའི་བཀའ་སློབ་གནང་བ་རེད།

ཀྲུང་ཧྭ་དཔལ་ཡོན་ནི་ཞིང་ཅང་གི་མི་རིགས་ཁག་གི་རིག་གནས་ཀྱི་འབྱུང་རྩ་ཡིན་ལ། དུས་རབས་གསར་པ་ནས་བཟུང་སྟེ། ཞིང་ཅང་གིས་རིག་གནས་ལ་བརྟེན་ནས་ཞིང་ཅང་དར་རྒྱས་དང་། སྲོལ་རྒྱུན་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་དུས་མཉམ་དུ་སྤྱི་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་ཇེ་དྲག་བཏང་སྟེ། མིག་སྔར་རང་སྐྱོང་ལྗོངས་རིམ་པའི་གཟུགས་མེད་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་རྟེན་གཞི་བརྒྱ་དང་ཉི་ཤུ་བཙུགས་ཡོད། རིམ་པ་ཁག་གི་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་གིས་མང་ཚོགས་རིག་གནས་བྱེད་སྒོ་སྤེལ་ཐེངས་ཆིག་འབུམ་བརྒྱད་ཁྲི་ལྷག་ལས་བརྒལ་བས། མི་ཐེངས་དུང་ཕྱུར་ལྷག་ལ་ཕན་ཐོགས་པ་དང་ཕུལ་བྱུང་རིག་གནས་ཐོན་ཁུངས་སྔ་བས་མང་པོ་ཐད་ཀར་གཞི་རིམ་དུ་འབྱོར་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞི་མཉམ་དུ་བསྐྲུན་པ་རེད།

  འཛམ་གླིང་རིག་གནས་ཤུལ་བཞག་ཅའོ་ཧོ་གནའ་གྲོང་ནི་ཀྲུང་ཧྭ་ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་ལྡན་པའི་ལོ་རྒྱུས་ཀྱི་བདེན་དཔང་གཙོ་བོ་རེད། ཉེ་ཆར། འདི་རུ་ཐོག་མར་སྤྱི་དམངས་ལ་ས་ཁོངས་ཆ་ཤས་དང་ལོ་སྟོང་གི་བྲག་ཕུག་སྒོ་འབྱེད་པ་དང་།  དེང་རབས་ཨང་གྲངས་ལག་རྩལ་དང་མཚན་མོར་སྤྲོ་འཆམ་མྱོང་ཚོར་ལས་དུས་ཡུན་རིང་པོར་འོད་སྟོང་འབར་བའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་འཛམ་གླིང་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་བ་རེད།མི་རིགས་སོ་སོའི་བར་འགྲོ་འོང་རྒྱ་ཆེ་དང་ཁྱོན་ཡོངས་སྤེལ་རེས། འབྲེལ་འདྲེས་ཟབ་མོར་ཕྱིན་བཞིན་ཡོད། མི་རིགས་ཉེར་དགུ་འདུས་སྡོད་བྱེད་པའི་ཐ་ཁྲེང་ས་ཁུལ་དུ། དུད་ཁ་མང་པོས་སེའུ་འབྲིའི་མཚོན་རྟགས་བྱེད་པའི་སྒོ་བྱང་བཀལ་ཡོད་པ་དང་། སེའུ་འབྲུ་བཀོད་པའི་སྒོ་བྱང་བཀལ་ནས་སེའུ་འབྲུ་རེ་རེས་མི་རིགས་རེ་མཚོན་པ་ཡིན་པས། མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་མཐུན་པ་ཚང་མའི་སེམས་སུ་ཟུག་ཡོད།

  དུས་རབས་གསར་པའི་ཞིན་ཅང་དུ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དེ་མི་རིགས་སོ་སོའི་བུ་དང་བུ་མོ་ཚོའི་སེམས་སུ་བརྟན་པོར་བཅངས་ཡོད་ལ། མི་རིགས་སོ་སོའི་སེམས་པ་གཅིག་མཐུན་དང་དང་མཐུན་ཁས་ལེན་སྔར་ལས་ཇེ་ཆེར་ཕྱིན། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་བརྡལ་བཏང་ནས། སྐད་ཡིག་འཕྲོད་ན་སེམས་དང་ལས་དབང་སྦྲེལ་ཐུབ་པ་རེད།

  འདས་མ་ཐག་པའི་དབྱང་གནང་ནང་། ཞིན་ཅང་གི་མི་རིགས་སོ་སོའི་ན་གཞོན་ཁྲི་བརྒྱད་ལྷག་མེས་རྒྱལ་གྱི་ས་གནས་སོ་སོར་ཕྱིན་ནས། མེས་རྒྱལ་གྱི་སྟོབས་འབྱོར་དང་འཕེལ་རྒྱས། རི་ཆུའི་མཛེས་སྡུག་ལ་ཉམས་སུ་མྱོང་ཡོད།

  དེང་སང་། ཕུལ་དུ་བྱུང་བའི་ཤེས་འཇོན་མི་སྣ་དེ་ལས་མང་པོས་ཆེད་ལས་ཀྱི་ཤེས་བྱ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་བཅས་ཞིན་ཅང་དུ་ཡོང་ནས། མི་རིགས་   ཁག་གི་བུ་དང་བུ་མོ་ཚོ་དང་མཉམ་དུ་གསར་གཏོད་ལས་གཏོད་དང་ཐོན་སྐྱེད་ཡུལ་དངོས་སུ་ཧུར་བརྒྱབ་སྟེ། མཉམ་དུ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་གཏོང་བཞིན་ཡོད།

  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་རྒྱང་སྐྱོད་གསར་པའི་ཐོག མི་རིགས་ཁག་གི་བུ་དང་བུ་མོ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་གཏོང་རྒྱུ་དེ་བསམ་པའི་སྙིང་སྟོབས་ཆེན་པོར་འཛིན་ཞིང་།ཕྱར་བ་གྲུ་འདེགས་དང་འབད་པ་ལྷོད་མེད་བྱས་ནས། མཉམ་དུ་མཐུན་སྒྲིལ་བརྟན་བརླིང་དང་འཕེལ་རྒྱས་ཕྱུག་འགྱུར་གྱི་ལེའུ་གསར་པ་སྐྲུན་བཞིན་ཡོད།


  • 顶