ལིན་ཅན་གྱིས། གཟའ་འཁོར་གོང་མར་ང་ཚོས་འབྲེལ་ཡོད་གནད་དོན་དང་ལངས་ཕྱོགས་བཤད་ཟིན་པ་དང་། དེ་རིང་ང་ཚོས་ཨ་རི་ཕྱོགས་ཀྱི་ནོར་འཁྲུལ་གཏམ་བརྗོད་ཐད་ཀྱང་ནན་གྱིས་འབྲེལ་གཏུག་བྱས་ཏེ། ཧོང་ཡན་གླིང་ཕྲན་ནི་ཀྲུང་གོའི་མངའ་ཁོངས་གཏན་འཇགས་ཡིན་པ་དང་ཧོང་ཡན་གླིང་ཕྲན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱི་བདག་དབང་ཁྱབ་ཁོངས་ནང་གི་དོན་དག་ཡིན་པས་ལུགས་དང་མཐུན་ཞིང་ཁྲིམས་མཐུན་ཡིན། ད་ཆ། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན། ལྷོ་རྒྱ་མཚོའི་གནས་བབ་སྤྱིའི་ཆ་ནས་བརྟན་ལྷིང་བྱུང་ཡོད། ཨ་རི་ནི་ལྷོ་རྒྱ་མཚོའི་གནད་དོན་གྱི་དོ་བདག་ཕྱོགས་མིན་རུང་སྐད་ཆ་གང་བྱུང་དུ་ཤོད་པ་དང་། རྩོད་གཞི་སློང་བ། ཛ་དྲག་འུད་སྒྲོག་བྱེད་པས། ལྷིང་འཇགས་ཀྱི་ལྷོ་རྒྱ་མཚོ་ཟང་ངི་ཟིང་རིར་བཟོ་བཞིན་ཡོད།
ཁྱེད་ཀྱིས་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞི་ཟེར་བ་དེ་ནི་ཏག་ཏག་ཨ་རི་ཕྱོགས་གཅིག་པུས་བཏོན་པ་དང་། བཅའ་ཁྲིམས་ཀྱི་རྫུན་འབག་གྱོན་པའི་ཆབ་སྲིད་ཀྱི་རོལ་རྩེད་ཅིག་རེད། ཁྲིམས་བཅད་ཟེར་བ་ནི་ཁྲིམས་འགལ་དང་གོ་མི་ཆོད་པ་ཡིན་ཞིང་དེར་ཚོད་འཛིན་གྱི་ནུས་པ་མེད་པས། ཀྲུང་གོ་ཕྱོགས་ཀྱིས་དང་ལེན་དང་ཁས་ལེན་མི་བྱེད། སུ་ཞིག་རྒྱལ་སྤྱིའི་ཁྲིམས་སྐྱོང་དང་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱེད་མཁན་དང་། སུ་ཞིག་གཏོར་བཤིག་གཏོང་མཁན་དང་རྙོག་ཟིང་བཟོ་མཁན་ཡིན་མིན་གསལ་པོ་ཡིན་པ་སྨོས་མེད་རེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ་ཕྱོགས་ཁག་གི་ལྷོ་རྒྱ་མཚོའི་བྱ་སྤྱོད་བསྒྲགས་གཏམ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིར་གྲོས་མོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ལྷོ་རྒྱ་མཚོ་ཞི་བདེའི་རྒྱ་མཚོ་དང་མཛའ་གྲོགས་ཀྱི་རྒྱ་མཚོ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བརྗོད།
འཕྲིན་སྟེགས། weikangba