ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོའི་སྤྱི་བསྡོམས་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།

2025-09-19
392

ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོའི་སྤྱི་བསྡོམས་གྲོས་ཚོགས་པེ་ཅིན་དུ་བསྡུས་པ་དང་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་རྗེས་དྲན་བྱ་འགུལ་བྱ་བ་བསྒྲུབས་པའི་ཕྱོགས་སོ་སོའི་འཐུས་ཚབ་པར་ཐུག་འཕྲད་གནང་ལ། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་རྗེས་དྲན་བྱ་འགུལ་སྐོར་གྱི་གསུང་བཤད་གལ་ཆེན་བརྒྱུད་སྒྲོག་བྱས་པ་དང་། གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། ཚའེ་ཆི་ཐུག་འཕྲད་ལ་ཞུགས་པ་མ་ཟད་སྤྱི་བསྡོམས་ཚོགས་འདུའི་སྟེང་གསུང་བཤད་གནང་།

ཟླ9པའི་ཚེས17ཉིན། ཏང་ཀྲུང་དབྱང་གི་མགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོའི་བྱ་བ་བསྒྲུབས་པའི་ཕྱོགས་སོ་སོའི་འཐུས་ཚབ་པར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་བྱེད་སྒོའི་སྤྱི་བསྡོམས་གྲོས་ཚོགས་ཚེས17ཉིན་གྱི་སྔ་དྲོར་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྗེས་དྲན་བྱེད་སྒོའི་བྱ་བ་བསྒྲུབས་པའི་ཕྱོགས་སོ་སོའི་འཐུས་ཚབ་པར་ཐུག་འཕྲད་གནང་ནས། ཁོ་ཚོར་བཀའ་དྲིན་དང་འཚམས་འདྲི་ཞུས་པ་དང་། ཁོ་ཚོའི་དཀའ་སྤྱད་འབད་བརྩོན་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་ལ། ཚང་མས་འབད་འབུངས་ཡར་བརྩོན་དང་སླར་ཡང་བྱས་རྗེས་གསར་པ་འཇོག་པར་སྐུལ་ལྕག་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྗེས་དྲན་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཚའེ་ཆི་ཐུག་འཕྲད་ལ་ཞུགས་པར་མ་ཟད་སྤྱི་བསྡོམས་གྲོས་ཚོགས་སྟེང་གསུང་བཤད་གནང་།

ཚེས17ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཆུ་ཚོད10ཡས་མས་སུ། ཞི་ཅིན་ཕིང་སོགས་གནས་འདིར་ཕེབས་པ་ན། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་བྱམས་བརྩེའི་ཕྱག་འཇུ་གནང་བ་མ་ཟད་རྗེས་དྲན་མཉམ་པར་བླངས།

ཉེ་སྔོན། ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཆེད་དུ་རྗེས་དྲན་བྱེད་སྒོའི་སྤྱི་བསྡོམས་སྙན་ཞུར་ཉན་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་བྱེད་སྒོ་ནི། རྔམ་བརྗིད་གཟབ་རྒྱས་དང་ངར་སེམས་ཆེར་བསྐྱེད། མི་སེམས་འགུལ་བ། མདུན་སྐྱོད་ཡར་སྐུལ་གྱི་འཇར་འགོག་དམག་འཁྲུག་གི་རྗེས་དྲན་མཛད་སྒོ་ཞིག་ཡིན་ལ། འཇར་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་སྔར་ལས་དར་སྤེལ་བཏང་བ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འགན་ཁུར་མངོན་པར་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། རྗེས་དྲན་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་དང་དེའི་བྱ་བའི་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་མཐའ་འཁྱོངས་བྱས་ལ། དངོས་གཉེར་དང་ཞིབ་ཚགས་ཀྱི་སྤྱོད་སྟངས་ལ་བརྟེན་ནས་བྱ་བར་སྐུལ་འདེད་བཏང་བ་དང་། ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ལེགས་འགྲུབ་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྗེས་དྲན་བྱེད་སྒོ་ལས་བྱུང་བའི་དྲང་ནུས་ཆེན་པོ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། རྗེས་དྲན་བྱེད་སྒོའི་གསོན་ཉམས་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་དེབ་འདི་རྒྱུན་མཐུད་ངང་བེད་སྤྱོད་ཡག་པོ་བྱེད་པ། བྱེད་སྒོ་ལས་བྱུང་བའི་རང་རྟོན་གྱི་སེམས་པ་དང་རང་སྤོབས་ཀྱི་སེམས་པ། རྣམ་འགྱུར་ལེགས་པོ་བཅས་བེད་སྤྱོད་དང་དར་སྤེལ་ལེགས་པོ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཟུང་འབྲེལ་བྱས་ཏེ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས། འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་ལྟ་བ་ཡང་དག་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཡོངས་ཀྱི་མགོ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་འཇར་འགོག་དམག་འཁྲུག་བྱས་པའི་རླབས་ཆེན་གྱི་རྒྱལ་ཁའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བརྟན་པོར་འགྲེང་བ། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱས་ནས། ལོ་རྒྱུས་མེ་ལོང་དུ་འཛིན་པའི་ཁྲོད་འབྱུང་འགྱུར་གཏོད་དགོས། ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་གཏམ་རྒྱུད་དང་ཞི་བདེའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ལེགས་པོར་བཤད་པ་དང་། འཛམ་གླིང་ལ་ཀྲུང་གོ་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་བློ་རྩ་བརྟན་པའི་སྲུང་སྐྱོང་བ་ཡིན་པ་ཡིན་པ་གསལ་སྟོན་བྱེད་པ། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་གཞོལ་བའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་མངོན་པར་བྱེད་དགོས། རྗེས་དྲན་བྱེད་སྒོ་སྒྲུབ་པའི་ཉམས་མྱོང་དང་བྱེད་ཐབས་སྤྱི་བསྡོམས་ནན་མོ་བྱས་ནས། ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་མཛད་སྒོའི་ལམ་ལུགས་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་གཏོང་དགོས།

ཚོགས་འདུས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་སྒྲོག་བྱས།

ཚོགས་འདུས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་རྗེས་དྲན་བྱེད་སྒོའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་། རྩ་འཛུགས་ཀྱི་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། བྱེད་སྒོའི་གྲུབ་འབྲས་བེད་སྤྱོད་ལེགས་པོ་བྱེད་པ་སོགས་ལ་བླང་བྱ་ཁ་གསལ་བཏོན། ང་ཚོས་སློབ་སྦྱོང་དང་གོ་བ་ནན་མོ་ལེན་པ་དང་དོན་འཁྱོལ་མཐར་ཕྱིན་བྱ་བ་ནན་གྱིས་འཛིན་དགོས། རྗེས་དྲན་བྱེད་སྒོ་རྒྱལ་ཁའི་ངང་གྲུབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ། སྤྱི་ཚོགས་ལས་རིགས་སོ་སོ་དང་མི་དམངས་མང་ཚོགས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་རག་ལས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་དགོས། རྗེས་དྲན་བྱེད་སྒོའི་གྲུབ་འབྲས་གལ་ཆེན་རྒྱ་སྐྱེད་དང་ཟབ་སྤེལ་བཏང་སྟེ།  རྗེས་མཐུད་ཀྱི་རྗེས་དྲན་བྱེད་སྒོ་ཏན་ཏིག་སྒོས་བསྒྲུབ་དགོས། དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱ་དགོས། རྗེས་དྲན་བྱེད་སྒོས་བསླངས་པའི་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་སྐུལ་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས།

རྗེས་དྲན་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་དབྱི་དང་། དབྱིན་ལི། ལི་ཧྲུའུ་ལེ། ཀྲང་ཡིའུ་ཞ། ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་། ལིའུ་ཀྲེན་ལི་བཅས་བྱེད་སྒོར་ཞུགས།  རྗེས་དྲན་བྱེད་སྒོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། བྱ་བའི་ལས་ཁུངས་སོ་སོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན། དེ་མིན་ལས་སྒྲུབ་མི་སྣ་དང་གཟིགས་ཞིབ་དང་ལེན་དམག་དཔུང་གི་དཔོན་དམག བདེ་སྲུང་ཡུལ་དངོས་དང་པོའི་ལས་རེས་མི་སྣ་དང་འཁྲབ་སྟོན་མི་སྣ། དང་བླངས་པ། ཞབས་ཞུ་འགན་སྲུང་མི་སྣ། སྨྱན་སྦྱོར་གསར་འགོད་པའི་འཐུས་ཚབ་སོགས་བྱེད་སྒོར་ཞུགས་ཡོད། །


  • 顶