
ཟླ9པའི་ཚེས17ཉིན།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཚེས17ཉིན་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་། ཁོང་གིས་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་གསར་ཤོས་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་མུ་མཐུད་དུ་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པ་སློབ་སྦྱོང་བྱེད་པར། ཆེས་གལ་ཆེ་བ་ནི"གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ། "ཡིད་ཆེས་བཞི"ཇེ་བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས"ལེགས་པར་བསྒྲུབས་ཏེ། རང་རྟོགས་ཀྱིས་དུས་རབས་གསར་པའི་ཏང་གི་གསར་གཏོད་གཞུང་ལུགས་ལ་དད་མོས་བརྟན་པོ་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་མཁན་བྱ་རྒྱུ་དེ་ཡིན།
ཚའེ་ཆི་ཡིས་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་བ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚུན་ལ་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལག་ལེན་རླབས་ཆེན་ལ་ཚན་རིག་དང་མཐུན་པའི་སྤྱི་བསྡོམས་བྱས་པ་ཡིན་ལ། ང་ཚོའི་ཏང་གིས"ཟུང་འབྲེལ་གཉིས"རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ཀྱིས་མཚོན་པ། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་བློ་གྲོས་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་སྒོས་མཚོན་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དབང་གྲགས་ལྡན་པའི་སློབ་གཞི་མཁོ་འདོན་བྱས།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་དང་པོ་ནས་པོད་ལྔ་པ་ཧྲིལ་བོ་གཅིག་ཏུ་བརྩིས་ནས། སློབ་སྦྱོང་ནན་ཏན་དང་། གཞུང་ལུགས་ཞིབ་འཇུག་ཟབ་སྤེལ། དྲིལ་སྒྲོག་འགྲེལ་བཤད་ལ་ཤུགས་སྣོན་པ། ཕྱི་ཕྱོགས་དྲིལ་སྒྲོག་གསར་གཏོད་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་འབད་འཐབ་ཧུར་ཐག་བྱེད་པར་སྐུལ་མ་གཏོང་དགོས།
ལི་ཧྲུའུ་ལེ་ཡིས་ཚོགས་འདུར་མགོ་འཛིན་གནང་།
ཀྲུང་དབྱང་དྲིལ་སྒྲིག་པུའུ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་། ཀྲུང་གོའི་ཕྱི་ཡིག་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་ཆེད་མཁས་པས་གཏམ་བཤད་གནང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། ཞིང་ལྗོངས་གྲོང་ཁྱེར་སོ་སོའི་ཏང་ཨུའི་དྲིག་སྒྲོག་པུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཞུགས། །
འཕྲིན་སྟེགས། weikangba