བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་བཀོད།
ཟླ་བ་དགུ་པའི་ཚེས་བཅུ་དྲུག་ཉི། པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་པར་ཐེངས་བཅོ་བརྒྱད་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་ཁབ་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་ཇེ་ཟབ་བྱེད་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་བཀོད།
རྩོམ་ཡིག་ནང་། རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པ་དེ་ནི་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་གལ་ཆེན་ཡིན་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་སྐུལ་སྤེལ་གཏོང་བའི་དགོས་མཁོ་ཡིན་པར་མ་ཟད། རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་དབང་བརྩོན་ལེན་བྱེད་པའི་དགོས་མཁོ་ཡང་ཡིན། རང་རྒྱལ་ནི་འཛམ་གླིང་ཐོག་གི་འཛད་སྤྱོད་ཚོང་ར་ཨང་གཉིས་པ་ཡིན་པའི་ཆ་ནས། ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྱོང་ཡག་པོ་བྱེད་དགོས་ལ། ང་ཚོས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་གདེང་ཚོད་ཇེ་དྲག་གཏོང་དགོས་ཞེས་བསྟན།
རྩོམ་ཡིག་ནང་། རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྱོང་ཟབ་སྤེལ་བྱེད་པའི་གཞི་རྩའི་བླང་བྱ་ནི་གཅིག་གྱུར་ལྔ་དང་སྒོ་འབྱེད་གཅིག་ཡིན་ཏེ། གཅིག་གྱུར་ལྔ་ནི་ཚོང་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་དང་། ཚོང་རའི་རྨང་གཞིའི་སྒྲིག་ཆས་གཅིག་གྱུར། སྲིད་ཇུས་བྱ་སྤྱོད་ཀྱི་ཚད་གཞི་གཅིག་གྱུར། ཚོང་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་གཅིག་གྱུར། རྒྱུ་ཆ་ཐོན་ཁུངས་ཚོང་ར་གཅིག་གྱུར་བཅས་ཡིན་ལ། སྒོ་འབྱེད་གཅིག་ནི་རྒྱུན་མཐུད་ནས་སྒོ་འབྱེད་རྒྱ་བསྐྱེད་དང་། ཕྱི་ནང་གཉིས་ལ་སྒོ་འབྱེད་སྦྲེལ་མཐུད་ལག་ལེན་བསྟར་ནས། སྒོ་བཀག་འཁོར་སྐྱོད་མི་བྱེད་པ་དེ་རེད་ཅེས་བསྟན།
རྩོམ་ཡིག་ནང་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་སེམས་ཐག་རྦད་ཆོད་ཀྱིས་སྤྱོད་ངན་གཙང་སེལ་བྱེད་དགོས། གཅིག་ནི་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་གོང་ཆུང་དང་གོ་རིམ་མེད་པའི་འགྲན་རྩོད་རྙོག་དྲ་དག་ཐེར་བྱེད་དགོས། གཉིས་ནི་སྲིད་གཞུང་ཉོ་སྒྲུབ་སྐོར་གྱི་སུས་འཇོན་དེ་འགུག་གི་རྙོག་དྲ་དག་ཐེར། གསུམ་ནི་ས་གནས་ཚོང་འགུག་དངུལ་འདྲེན་གྱི་རྙོག་དྲ་དག་ཐེར། བཞི་ནི་ཕྱི་ནང་ཉོ་ཚོང་ཕུང་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ། ལྔ་ནི་ཁྲིམས་སྲོལ་ལམ་ལུགས་ཀྱི་མི་འདང་ཁ་གསབ་བྱེད་དགོས། དྲུག་ནི་ཆབ་སྲིད་ཕན་འབྲས་ཀྱི་ཧེ་བག་ཡོ་བསྲང་བྱེད་དགོས་ཞེས་བསྟན།
རྩོམ་ཡིག་ནངརྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་ནི་འགག་སྒྲོལ་འཐབ་ཇུས་ཤིག་ཡིན་ལ་ཡུན་རིང་གི་འཐབ་ཇུས་ཀྱང་ཡིན་པས། ས་གནས་ཁག་གི་སྡེ་ཁག་སོ་སོས་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་དང་ས་གནས། ས་གནས་དང་ས་གནས། སྲིད་གཞུང་དང་ཁེ་ལས། ཁེ་ལས་དང་ཁེ་ལས་བར་གྱི་མཐུན་སྦྱོར་རམ་འདེགས་ཇེ་དྲག་བཏང་ནས། སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
འཕྲིན་སྟེགས། weikangba