ཁང་བདག་གིས་ཁང་པ་ཁང་གླར་གཏོང་དུས་འདི་ལྟར་བྱས་མི་ཆོག

2025-09-16
249

འདི་ལོའི་ཟླ་7ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་ཁང་པ་ཁང་གླར་གཏོང་བའི་ཆེད་དམིགས་སྲིད་འཛིན་ཁྲིམས་སྲོལ་ཐོག་མ་《ཁང་པ་ཁང་གླར་གཏོང་བའི་སྲོལ་ཡིག་》དངོས་སུ་ཁྱབ་བསྒྲགས་བྱས་པ་མ་ཟད། ཟླ་9ཚེས་15ཉིན་ནས་ལག་ལེན་ཡང་བསྟར་རྒྱུ་ཁ་གསལ་བཟོས། སྲོལ་ཡིག་ཐོག་མ་འདི་བཏོན་པའི་ཐོག་ནས་ཁང་པ་ཁང་གླར་གཏོང་བའི་ཁྲོམ་ར་“རང་གར་འཕེལ་བ་”ནས་ཁྲིམས་ལྟར་ཚད་ལྡན་ངང་འཚར་ལོངས་ཡོང་བའི་དུས་མཚམས་གསར་པར་སྐྱོད་རྒྱུ་ཡིན་པ་མཚོན་ཡོད་པ་རེད།

①《ཁང་པ་ཁང་གླར་གཏོང་བའི་སྲོལ་ཡིག་》ནང་གི་“གན་རྒྱའི་ནང་ཁ་ཆད་བཞག་པའི་གནས་ཚུལ་ཕུད། ཁང་བདག་གིས་རྒྱུ་མཚན་ཚུལ་མཐུན་མེད་ན་གཏའ་དངུལ་འཐེན་མི་ཆོག” 

② ཁང་གླར་གཏོང་མཁན་དང་ཁང་གླར་ལེན་མཁན་གཉིས་པོས་ངེས་པར་དུ་དངོས་མིང་ཐོག་ནས་སྡོད་ཁང་ཁང་གླར་གཏོང་ལེན་གྱི་གན་རྒྱ་འཇོག་དགོས་པ་མ་ཟད། སྡོད་ཁང་ཁང་གླར་གཏོང་ལེན་དོ་དམ་ཞབས་ཞུའི་སྟེགས་བུ་བརྒྱུད། ས་ཁང་བདག་ཁོངས་དོ་དམ་སྡེ་ཁག་ལ་ཐོ་འགོད་ཀྱི་འགྲོ་ལུགས་འགྲིམ་དགོས།

③ བར་ཁེའི་ལས་ཁུངས་ཀྱིས་ཁང་ཁུངས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་མ་བྱས་སྔོན་ལ། ངེས་པར་དུ་མངགས་བཅོལ་མཁན་གྱི་ཐོབ་ཐང་ཆ་འཕྲིན་དང་སྡོད་ཁང་བདག་དབང་གི་ཆ་འཕྲིན་ཞིབ་བསྡུར་དང་ཟིན་ཐོ་འགོད་དགོས་པ་དང་། ས་གནས་དེ་རང་དུ་ཁང་ཁུངས་ལ་བལྟ་དགོས་པ་མ་ཟད། མངགས་བཅོལ་མཁན་དང་བར་ཁེའི་ཞབས་ཞུའི་གན་རྒྱ་འཇོག་དགོས་པ་མ་ཟད། དུས་མཚུངས་སུ་སྡོད་ཁང་གི་གནས་ཚུལ་གསལ་བཤད་ཡི་གེ་བཟོ་དགོས།

④ གྲོན་དངུལ་བསྡུ་བའི་ཐད། བར་གཉེར་ལས་ཁུངས་ཀྱིས་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང་གསལ་པོར་འགོད་དགོས་པ་ལས། རིན་གོང་གི་ཚད་གཞིའི་ཁར་རིན་གོང་འཐོལ་པ་སྣོན་མི་ཆོག་ལ། གསལ་པོར་བཀོད་མེད་པའི་གྲོན་དངུལ་ཡང་བླངས་མི་ཆོག


  • 顶