ལི་ཆང་གིས་ཕོར་ཐི་གལ་གྱི་ཙུང་ལི་མོང་ཐི་ནེ་ཀི་ལུའོ་དང་གྲོས་མོལ་གནང་བ།

2025-09-11
358

ཟླ9པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཕོར་ཐི་གལ་གྱི་ཙུང་ལི་མོང་ཐི་ནེ་ཀི་ལུའོ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཕོར་ཐི་གལ་གྱི་ཙུང་ལི་མོང་ཐི་ནེ་ཀི་ལུའོ་དང་གྲོས་མོལ་གནང་།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕོར་ཐི་གལ་བར་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་བཀུར། ཕན་ཚུན་རོགས་རམ་བཅས་བྱས་ནས།   ཕྱོགས་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།  ད་ལོ་ནི་ཀྲུང་གོ་དང་ཕོར་ཐི་གལ་བར་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པ་དང་འཁེལ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྩལ་ཡོད།  ཚེས་དགུ་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་མཇལ་འཛོམས་གནང་ནས།  ཀྲུང་གོ་དང་ཕོར་ཐི་གལ་གྱི་འབྲེལ་བ་སྔར་ལས་སྲ་བརྟན་དང་གཏིང་ཟབ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་གལ་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་གལ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་།  མུ་མཐུད་དུ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། ཕྱོགས་གཉིས་ཀྱི་ཉོ་ཚོང་ལེགས་གཏོང་དང་དོ་སྙོམས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ།  རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་མཉམ་དུ་ཕྱོགས་གསུམ་པའི་ཁྲོམ་ར་གཏོད་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་གལ་གྱི་སྔར་ལས་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་པ་དང་།   ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ཕོར་ཐི་གལ་དུ་དངུལ་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ།   ཕོར་ཐི་གལ་ཕྱོགས་ཀྱིས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ད་དུང་མི་སྣའི་འགྲོ་འོང་སྔར་ལས་སྟབས་བདེར་བཏང་ནས། ཡུལ་སྐོར་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་དང་མི་ཆོས་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས། ཕོར་ཐི་གལ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་གྲོགས་པོའི་ངེས་གནས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་ནས། དགེ་མཚན་ལྡན་པ་དང་དངོས་དོན་གཉེར་བའི་སྒོ་ནས་ཀྲུང་གོར་འཛིན་པའི་སྲིད་ཇུས་སྤྱད་དེ།   ཀྲུང་གོ་ཕྱོགས་དང་མཉམ་དུ་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་དང་ཀྲུང་གོ་དང་ཡོ་རོབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་རྒྱུའི་རེ་བ་ཡོད།

མིན་ཐི་ནེ་ཀི་ལུའོ་ཡིས་བསྟན་དོན། ཕོར་ཐི་གལ་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་རིང་ལ། ཕོར་ཐི་གལ་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་གྲོས་མོལ་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས། ཉོ་ཚོང་དང་ཞིང་ལས།   རྒྱ་མཚོ།   རིག་གནས།   ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཚན་རྩལ་གསར་གཏོད་དང་གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་ཁུངས། ཡུལ་སྐོར་མཉམ་ལས་བཅས་ཀྱི་ཁྱད་ཆོས་གསར་པ་གཏོད་འདོད་ཡོད། ཕོར་ཐི་གལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཕོར་ཐི་གལ་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་རྒྱུར་དགའ་བསུ་བྱེད་པ་ཡིན་ལ།   ཀྲུང་གོ་ཕྱོགས་དང་ཕྱོགས་གསུམ་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད། ཕོར་ཐི་གལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས།   སྒོ་དབྱེད་འདྲ་མཉམ་གྱི་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཕོར་ཐི་གལ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་རྒྱུར་རྒྱབ་སྐྱོར་བྱས་ནས།   དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། །

ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས། །


  • 顶