མི་དམངས་ཤོག་སྒོར་གྱི་ཆ་འཕྲིན་གལ་ཆེན།

2025-09-11
403

  2025ལོའི་ཟླ་9ཚེས་7ཉིན་ནས་ཚེས་8ཉིན་བར། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན་ཕན་ཀུང་ཧྲེང་རྒྱལ་སྤྱིའི་ཞིབ་རྩིས་དངུལ་ཁང་གི་འགོ་འཛིན་གྱི་འཆར་ཅན་ཚོགས་འདུར་ཞུགས་རིང་། ཡོ་རོབ་ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་ལཱ་ཅ་ཏེ་དང་། སུའེ་ཙེར་རྒྱལ་ཁབ་དངུལ་ཁང་གི་འགོ་འཛིན་ཧྲི་ལའེ་ཀེར། ཧང་ག་རི་རྒྱལ་ཁབ་དངུལ་ཁང་གི་འགོ་འཛིན་ཝོར་ཀའོ་བཅས་དང་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་གནས་བབ་དང་དེ་བཞིན་ཕྱོགས་གཉིས་པོའི་དངུལ་རྩའི་མཉམ་ལས་སོགས་པའི་གྲོས་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།

  ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱི་དངུལ་ལོར་བརྗེ་རེས་བྱེད་གྲངས་ནི་མི་དམངས་ཤོག་སྒོར་དུང་ཕྱུར་3500དང་ཡོ་སྒོར་དུང་ཕྱུར་450ཡིན་པ་དང་། གྲོས་མཐུན་གོ་ཆོད་ཡུན་ལོ་གསུམ་ཡིན་པ་རེད། ཀྲུང་གོ་དང་སུའེ་ཙེར་ཕྱོགས་གཉིས་ཀྱི་དངུལ་ལོར་བརྗེ་རེས་བྱེད་གྲངས་ནི་མི་དམངས་ཤོག་སྒོར་དུང་ཕྱུར་1500དང་སུའེ་ཙེར་གྱི་ཧྥ་ལན་སྒོར་དུང་ཕྱུར་170ཡིན་པ་དང་། གྲོས་མཐུན་གོ་ཆོད་ཡུན་ལོ་ལྔ་ཡིན་པ་རེད། ཀྲུང་གོ་དང་ཧང་ཀ་རི་ཕྱོགས་གཉིས་ཀྱི་དངུལ་ལོར་བརྗེ་རེས་བྱེད་གྲངས་ནི་མི་དམངས་ཤོག་སྒོར་དུང་ཕྱུར་400དང་ཧང་ཀ་རིའི་ཧྥུའུ་ལིན་དུང་ཕྱུར་1.9ཡིན་པ་དང་། གྲོས་མཐུན་གོ་ཆོད་ཡུན་ལོ་ལྔ་ཡིན་པ་རེད།

གོང་གསལ་ཕྱོགས་གཉིས་ཀྱི་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་ལ་རྒྱུན་མཐུད་མིང་རྟགས་བཀོད་པ་དེས་ཕྱོགས་གཉིས་པོའི་དངུལ་ལོར་དང་དངུལ་རྩའི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་འབྲེལ་ཡོད་དཔལ་འབྱོར་དངོས་ཚན་དབར་གྱི་ཕྱོགས་གཉིས་པོའི་ཉོ་ཚོང་དང་མ་དངུལ་འཇོག་སྟབས་བདེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། དངུལ་རྩའི་ཁྲོམ་ར་བརྟན་པོ་སྲུང་སྐྱོང་བཅས་བྱེད་པར་ཕན་ཐོགས་ཡོད་པ་རེད།


  • 顶