
ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་ཁོང་ཀོ(པུའུ)ཡི་སྲིད་འཛིན་སཱ་སུའུ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་ཁོང་ཀོ(པུའུ)་ཡི་སྲིད་འཛིན་སཱ་སུའུ་ལ་ཐུག་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་ངེས་གནས་དེ་ཀྲུང་ཁོང་གི་ཆུ་ཚད་མཐོ་བའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱས་པ་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁོང་ཀོ(པུའུ)བར་གྱི་འབྲེལ་བ་ནི་ཀྲུང་ཧྥེའི་མཛའ་མཐུན་གྱི་མིག་དཔེ་ཡིན། ཁོང་ཀོ(པུའུ)ནི་ཐུན་མོང་ཐོག་དཔལ་འབྱོར་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གྲོས་ཆོད་ཀྱི་ཐོག་མའི་ཁེ་ཕན་བཀོད་སྒྲིག་ཐད་ཀྲུང་གོའི་ཕྱོགས་དང་གཅིག་མཐུན་བྱུང་བའི་རྒྱལ་ཁབ་ཐོག་མ་ཡིན་པས། སྒོ་ཁྲལ་མི་དགོས་པའི་ཁྲོད་ནས་ཁེ་ཕན་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ཁོང་ཀོ(པུའུ)ཡང་རྒྱལ་སྤྱིའི་འདུམ་འགྲིག་ཁང་གི་སྤྱི་ཆིངས་ལ་ཆོག་མཆན་གནང་མཁན་ཧྥེ་གླིང་གི་རྒྱལ་ཁབ་སྐོར་དང་པོའི་གྲས་ཡིན། ཀྲུང་གོ་དང་ཁོང་ཀོ(པུའུ)ཡི་ཆུ་ཚད་མཐོ་བའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་དུས་བབ་དང་བསྟུན་དགོས་པར་མ་ཟད་བདེན་སྲུང་གསར་གཏོད་བྱ་དགོས། ཕྱོགས་གཉིས་ཀྱིས་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་བྱེད་པའི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དང་དངོས་ཐོག་བདེན་འཚོལ། རྒྱུན་མཐུད་འཕེལ་རྒྱས་བཅས་རྒྱུན་འཁྱོངས་སྒོས་མཉམ་ལས་ཀྱི་ལམ་བུ་གསར་པ་གཏོད་དགོས་པར་མ་ཟད། མཉམ་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁོང་ཀོ(པུའུ)ཡིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཧྥེ་གླེང་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་པའི་ཚུན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་པེ་ཅིན་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་སྐུལ་འདེད་བཏང་ལ་གྲུབ་འབྲས་མངོན་གསལ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་ཕྱོགས་དང་མཉམ་དུ། “གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ”ལག་བསྟར་བྱས་ཏེ། ལྗང་མདོག་ཐོན་ལས་དང་གློག་རྡུལ་ཚོང་དོན། གཏོང་སྤྲོད། ཚན་རྩལ། མི་ཐབས་རིག་ནུས་སོགས་འཕར་གནས་གསར་པ་གཏོད་དེ། ཀྲུང་ཧྥེ་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། དེང་སྐབས་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་དང་རྙོག་འཛིང་ཆེ། ཀྲུང་གོ་དང་ཧྥེ་གླིང་གཉིས་འཛམ་གླིང་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་པའི་ཆ་ནས། རྒྱལ་སྤྱིའི་དྲང་བདེན་ལ་སྲུང་སྐྱོང་དང་འཛམ་གླིང་ཞི་བདེར་སྲུང་སྐྱོང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས།

ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་ཁོང་ཀོ(པུའུ)ཡི་སྲིད་འཛིན་སཱ་སུའུ་ལ་ཐུག་འཕྲད་གནང་།
སཱ་སུའུ་ཡིས་བསྟན་དོན། ཀྲུང་གོས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་བྱེད་སྒོ་རྒྱལ་ཁའི་ངང་སྤེལ་ཏེ། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་འཛམ་གླིང་མི་དམངས་ཀྱི་མཐུན་སྒྲིལ་གང་ལེགས་སྒོས་མངོན། བྱེད་སྒོ་འདིར་ཞུགས་ཐུབ་པ་བྱུང་བས་དངོས་ནས་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཞི་བདེར་སྲུང་སྐྱོང་དང་མ་འོངས་གསར་གཏོད་བྱ་རྒྱུ་ཡིན། ཁོང་གོ་པུའུ་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་མཐོ་བའི་ལས་སྐལ་གཅིག་མཐུན་ཚོགས་པའི་སྟེང་མཐོ་རུ་བཏང་སྟེ། ཕྱོགས་གཉིས་ཀྱི་ཐུན་མོང་དར་རྒྱས་དང་འཕེལ་རྒྱས་གཏོང་བའི་སྒྲོམ་གཞི་གསར་པ་གཏན་འཁེལ་བྱས། ཁོང་ཀོ(པུའུ)ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་ཏུ་བསྟར་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྒུལ་ཤུགས་ཆེན་པོ་སྩོལ་རྒྱུའི་རེ་བ་བཅངས་ཡོད། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཁོང་ཀོ(པུའུ)ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུང་ཧྥེའི་མཉམ་ལས་སྔར་ལས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ཧྥེ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད། ཁོང་ཀོ(པུའུ)་ཕྱོགས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་བཅོས་སྐྱོང་གྲོས་གཞིར་ཡོངས་སུ་འཐད་པ་ཡིན་ཏེ། གྲོས་གཞི་གལ་ཆེན་དེས་སྔར་ལས་དྲང་བདེན་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ལ་ཁེ་ཕན་ཐོབ་ཏུ་བཅུག ཁོང་ཀོ(པུའུ)ཕྱོགས་ཀྱིས་ཀྲུང་གོས་ཧྥེ་གླིང་རྒྱལ་ཁབ་ལ་སྒོ་ཁྲལ་མི་དགོས་པ་བྱས་པར་ཚད་མཐོའི་གདེང་འཇོག་བྱས་ནས། ཧྥེ་ཀྲུང་གི་ཉོ་ཚོང་སྲིད་ཇུས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པར་རེ་སྒུག་བྱས་ཡོད།
ཝང་དབྱི་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba