
ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པའོ་ཝུའོ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོར་ཕེབས་པའི་་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པའོ་ཝུའོ་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་དཀའ་བ་ཁྱད་དུ་བསད་ནས་ཀྲུང་གོར་དྲན་གསོའི་བྱེད་སྒོར་ཞུགས་པ་དེ་ཐོག་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཧིན་རྡུ་ཉི་ཞི་ཡའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་ཙུང་ཐུང་གིས་སྲིད་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། ཧིན་རྡུ་ཉི་ཞི་ཡའི་སྒྲིག་ལམ་དང་བརྟན་ལྷིང་གང་མགྱོགས་ངང་སླར་གསོ་བྱེད་པ། ཧིན་རྡུ་ཉི་ཞི་ཡ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བཅས་བྱེད་ཀྱིན་ཡོད། ད་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ལ། ཧིན་རྡུ་ཉི་ཞི་ཡ་རང་བཙན་བྱས་ནས་ལོ་འཁོར80ལོན་པ་དང་། ཝན་ལུང་ཚོགས་འདུ་འཚོགས་ནས་ལོ་འཁོར70ལོན་པའི་ལོ་ཡང་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་མི་རིགས་སྙིང་སྟོབས་རྒྱུན་འཛིན་དང་། མཉམ་ལས་མཉམ་རྒྱལ་གྱི་མཉམ་གནས་ཐབས་ལམ་མཐའ་འཁྱོངས་བྱས་ནས། ཞི་བདེ་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཆེན་པོའི་འགན་འཁུར་མངོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་ཕྱི་འབྲེལ་འབྲེལ་བ་བྱེད་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་ཝན་ལུང་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཆུ་ཚད་མཐོ་བའི་ཐོག་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཡང་དག་པའི་ཁ་ཕྱོགས་གཏན་འཁེལ་བྱས་ནས། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་བརྟན་བརླིང་དང་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་བ་དང་། ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་རིམ་པར་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི"2+2"གླེང་མོལ་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། བདེ་འཇགས་དང་འགོག་སྲུང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱ་རྒྱུ་དང་། ཕྱོགས་གཉིས་ཀྱི་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། འགག་རྩའི་གཏེར་རྫས་དང་གྲངས་འཛིན་དཔལ་འབྱོར། མིས་བཟོས་རིག་ནུས། ཞིང་ཉའི་མཉམ་ལས་བཅས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་དབུལ་ཐར་འགག་སྒྲོལ་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། མི་སྣ་འགྲོ་འོང་སྟབས་བདེ་བཟོས་ནས་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་རྐྱང་བའི་བཙན་ཤེད་བྱ་སྤྱོད་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་ངོ་རྒོལ་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་དགོས།

ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པའོ་ཝུའོ་ལ་ཐུག་འཕྲད་གནང་།
ཕུའུ་ལ་པའོ་ཝུའོ་ཡིས་རྒྱལ་ནང་གི་གནས་ཚུལ་ངོ་སྤྲོད་བྱས་ནས་དུས་བབ་བརྟན་ལྷིང་ཡོང་བཞིན་ཡོད་པར་བསྟན་ལ། ཀྲུང་གོའི་མི་དམངས་དང་མཉམ་དུ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་ནི་གྲོགས་པོ་བཟང་པོ་དང་གྲོགས་པོ་ངོ་མ་ཡིན། ཀྲུང་གོར་འབྲེལ་བ་བྱ་རྒྱུ་ནི་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་ཉོ་ཚོང་དང་མ་འཇོག དངུལ་རྩ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པོ་བསྐྲུན་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་པར་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས་པ་རེད། །
འཕྲིན་སྟེགས། weikangba