ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ཀྱི་དམག་གཟིགས་མཛད་སྒོ་བསྡུས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་མཛད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་དམིགས་ཡུལ་ནི་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེ་ལ་གཅེས་སྤྲས་བྱེད་པ། མ་འོངས་པ་གསར་སྐྲུན་བྱེད་པ་བཅས་ཀྱི་ཆེད་ཡིན། ཀྲུང་ཧྭ་མི་རིགས་ནི་འཇིགས་སྐུལ་ལ་མི་སྐྲག་པ་དང་རང་སྟོབས་རང་སྤེལ་གྱི་རླབས་ཆེ་བའི་མི་རིགས་ཤིག་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱས་ཆོག་པའི་དཔའ་བོའི་དཔུང་ཁག་ཅིག་ཡིན། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། རླབས་ཆེ་བའི་འཇར་འགོག་གི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་། དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སུས་ཀྱང་འགོག་ཐབས་མེད། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་རླབས་ཆེའི་ལས་དོན་ལ་ནམ་ཡང་རྒྱལ་ཁ་འཐོབ་ངེས་ཡིན།
ལི་ཆང་གིས་མགོ་འཛིན་གནང་བ་དང་། ཀྲའོ་ལེ་ཅི་དང་ཝང་ཧུའ་ཉིང་། ཚའེ་ཆི། ཏེང་ཞུའེ་ཞང། ལི་ཞི། ཧན་ཀྲིན་སོགས་ཞུགས་ཡོད།
ཕྱི་རྒྱལ་གྱི་མགོ་ཁྲིད་པ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་འཐུས་མི། རྒྱལ་སྤྱི་རྩ་འཛུགས་ཀྱི་འགན་ཁུར་པ། སྲིད་ཕྱོགས་མི་སྣ་ཟུར་པ་སོགས་གདན་ཞུ་ལྟར་ཚོགས་ཆེན་ལ་ཞུགས་ཡོད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་རྒྱུས་ཀྱི་རྒྱལ་ཁ་རླབས་ཆེན་ཡིད་ལ་འཛིན། དྲང་བདེན་དང་ཞི་བདེའི་སྟོབས་ཤུགས་གཅིག་ཏུ་སྡུད། ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཏེ། དམགས་གཟིགས་ཀྱི་མཛད་སྒོ་རྒྱ་ཆེན་པོ་བརྒྱུད་དེ་འཛམ་གླིང་མི་དམངས་དང་མཉམ་དུ་རླབས་ཆེ་བའི་ཉིན་མོ་འདི་ལ་རྗེས་དྲན་ཞུས་ནས། སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་པར་རྩེ་གཅིག་ཏུ་གཞོལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བར་མ་ཟད་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་མཛད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏེང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་ཚོགས་ཆེན་ལ་ཞུགས། ཕྱི་རྒྱལ་གྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པ། སྔོན་ཆད་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་བཅས་མི61ཚོགས་ཆེན་ལ་ཞུགས།
རྒྱལ་ས་པེ་ཅིན་དུ་མེ་ཏོག་རྣམ་པར་བཀྲ་ཞིང་དར་ཆ་ལྷབ་ལྷུབ་སྐྱོད། གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་ལྕོག་ཁང་རྔམ་བརྗིད་ལྡན་ལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཡངས་ཤིང་ཆེ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ། “སྲ་བརྟན་ལྕགས་རི”བརྗོད་གཞི་ཡིན་པའི་ལྗོངས་ཀྱི་བཀོད་པ་ལྗིད་ཅིང་། དམག་བརྡའི་དུ་ལྕོག14ཡིས“1945”དང“2025”ཞེས་པའི་ཡི་གེ་མཐོ་རུ་བཏེགས་ཤིང་། ཞི་བདེའི་ཕུག་རོན14ཡིས་གཤོག་རྩལ་ཅི་དགར་ངོམ། བར་སྣང་ནས་མར་བལྟས་ཚེ། ཐང་ཆེན་དུ་རྒྱ་ཡིག“众” གི་དབྱིབས་ལྟར་བཟོས་པའི་གཟིགས་སྟེགས་ལྷམ་མེར་བརྗིད་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་དམངས་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་པ་མཚོན་ཡོད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཚོགས་ཆེན་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་ཕེབས་པའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཚོགས་ཆེན་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་ཕེབས་པའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཚོགས་ཆེན་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གནམ་བདེ་སྒོ་མོ་ཆེའི་མཁར་སྒོར་ཕེབས་པའི་ཚུལ་རེད།
སྔ་དྲོའི་དུས་ཚོད8དང་སྐར་མ35སྟེང་། ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པའི་ཕྱི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་མཉམ་དུ་རྡོ་སྐས་བརྒྱུད་ནས་གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་སྟེང་དུ་ཕེབས། ཞི་ཅིན་ཕིང་གིས་འཇར་འགོག་དམག་མི་རྒན་པ་དང་བློ་མཐུན་རྒན་པའི་འཐུས་མིར་བརྩེ་བའི་ཕྱག་འཇུ་གནང་ནས། ཁོ་ཚོར་བླ་མེད་གུས་འདུད་ཞུས།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཚོགས་ཆེན་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་འགོག་དམག་མི་རྒན་པ་དང་བློ་མཐུན་རྒན་པར་བྱམས་བརྩེའི་ཕྱག་འཇུ་གནང་བའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཚོགས་ཆེན་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་འགོག་དམག་མི་རྒན་པ་དང་བློ་མཐུན་རྒན་པར་བྱམས་བརྩེའི་ཕྱག་འཇུ་གནང་བའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཚོགས་ཆེན་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་འགོག་དམག་མི་རྒན་པ་དང་བློ་མཐུན་རྒན་པར་བྱམས་བརྩེའི་ཕྱག་འཇུ་གནང་བའི་ཚུལ་རེད།
《སུང་ཧྭ་གཙང་བོའི་འགྲམ་དུ》 ཞེས་པ་དང 《ཐའེ་ཧང་རི་བོའི་སྟེང་དུ》། 《རྨ་ཆུར་སྲུང་སྐྱོབ་བྱེད》། 《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་སོགས་འཇར་འགོག་དམག་འཁྲུག་ལས་གཏམས་པའི་གླུ་གཞས་གྲགས་ཅན་རེ་རེ་བསྟུད་མར་ངག་ལ་བཀུག་པ་དེས་ཚང་མར་ཀྲུང་ཧྭ་མི་རིགས་ཀྱི་དཀའ་སྤྱད་ཚད་མེད་མྱངས་ཤིང་སྤོབས་པས་རི་ཀླུང་བསྒུལ་བའི་སྤྱིར་བཏང་མིན་པའི་ལོ་ཟླ་དེའི་དྲན་པ་བསླངས།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་བཞུགས་པའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་བཞུགས་པའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་བཞུགས་པའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་བཞུགས་པའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་དུ་བཞུགས་པའི་ཚུལ་རེད།
དུས་ཚོད8དང་སྐར་མ55སྟེང་། ཞི་ཅིན་ཕིང་སོགས་ཀྲུང་ཕྱིའི་མགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་ཀྲུའུ་ཞིའི་སྟེགས་བུར་ཕེབས་པ་ན། འབྲུག་སྒྲ་ལྡིར་བ་ལྟ་བུའི་ཐལ་མོ་རྡེབ་སྒྲས་ཚོགས་ར་ཡོངས་སུ་ཁེངས།
བརྙན་ཤེལ་སྟེང་དུ་དུས་ཚོད་ཀྱི་མདའ་རྟགས་གཡོས་པ་དང་བསྟུན་ནས། 1945དང་། 1955། 1965ནས2025བར་གྱི་ལོ་གྲངས་རིམ་བཞིན་མངོན། དུས་ཚོད9ཡི་སྟེང་དུས་བརྡ་བཏང་བ་ན། རྗེས་དྲན་ཚོགས་ཆེན་དངོས་སུ་མགོ་བརྩམས།
ཚང་མ་གུས་སྟབས་ཀྱིས་ཡར་ལངས་པ་དང་། རྟེན་འབྲེལ་གྱི་སྒྱོགས་སྒྲ་ལན80གྲགས་ནས་སྤྲིན་པའི་བང་རིམ་བརྟོལ། རྒྱལ་དར་སྲུང་སྐྱེལ་རུ་ཁག་གི་དཔོན་དམག་གིས་སྐར་ལྔའི་དར་དམར་སྲུང་བཞིན་བདེ་ལྕག་འཁྱུག་པོའི་གོམ་སྟབས་སྤོ་བཞིན། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་ནས་ཐང་ཆེན་བྱང་ལོགས་ཀྱི་རྒྱལ་དར་སྒྲེང་སར་བསྐྱོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་དམག་དཔུང་རོལ་དབྱངས་ཚོགས་པས་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་། ཚོགས་རའི་མི་ཡོངས་ཀྱིས་མཉམ་དུ་སྐད་གསེང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས་ནས། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་བར་སྣང་དུ་ལྷབ་ལྷུབ་སྐྱོད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དེ་རིང་ང་ཚོ་གཟབ་རྒྱས་ངང་འཛོམས་ནས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་ཞུ་བའི་དམིགས་ཡུལ་ནི་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་སྔོན་གཤེགས་དཔའ་བོ་རྗེས་སུ་དྲན་པ། ཞི་བདེར་གཅེས་སྤྲས་དང་མ་འོངས་གསར་གཏོད་བྱ་རྒྱུ་དེ་ཡིན།
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལ་ཞུགས་པའི་འཐབ་མོ་པ་རྒན་པ་དང་བློ་མཐུན་རྒན་པ། རྒྱལ་གཅེས་མི་སྣ། འཇར་འགོག་དམག་དཔོན་བཅས་དང་། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་ཆེན་པོ་བཞག་པའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ཤིང་། དེ་རིང་གི་ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ནི་དཀའ་སྤྱད་ཚད་མེད་བརྒྱུད་པའི་རླབས་ཆེན་གྱི་དམག་འཁྲུག་ཅིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་གྲོས་གཞི་བཏོན་ནས་བཙུགས་པའི་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག་ཀྲུང་གོ་མི་དམངས་ཀྱིས་བློ་སྤོབས་ཞུམ་མེད་ཀྱིས་དགྲ་བོར་འཐབ་འཛིང་བྱས་པ་དང་། ཤ་ཁྲག་གི་ལུས་པོར་བརྟེན་ནས་དགྲ་འགོག་གི་ལྕགས་རི་བསྐྲུན་པས། ཉེ་རབས་ཀྱི་ཚུན་ལ་ཕྱི་དགྲའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁ་ཐེངས་དང་པོ་བླངས། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཀྱི་བློས་གཏོང་ཆེན་པོར་བརྟེན་ནས་མིའི་རིགས་ཀྱི་ཤེས་རིག་སྐྱོབ་པ་དང་འཛམ་གླིང་གི་ཞི་བདེ་སྲུང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། ལོ་རྒྱུས་ཀྱིས་ང་ཚོར་མིའི་རིགས་ཀྱི་ལས་དབང་དང་བདེ་སྡུག་མཉམ་དུ་འབྲེལ་ཡོད་པས། རྒྱལ་ཁབ་ཁག་དང་མི་རིགས་ཁག་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། འཆམ་མཐུན་མཉམ་གནས། ཕན་ཚུན་རོགས་རེས་བཅས་བྱས་ན་ད་གཟོད་ཐུན་མོང་གི་བདེ་འཇགས་སྲུང་ཐུབ་པ་དང་། དམག་འཁྲུག་གི་འབྱུང་རྩ་མེད་པར་བཟོས་ནས་ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་དུ་མི་འབྱུང་བར་བྱེད་ཐུབ་པའི་ཉེན་བརྡ་བཏང་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ནི་གཏུམ་སྤྱོད་ལ་མི་སྐྲག་པ་དང་རང་ཚུགས་རང་སྟོབས་ཀྱི་མི་རིགས་རླབས་ཆེན་ཞིག་ཡིན། སྔོན་ཆད་དྲང་བདེན་དང་གདུག་རྩུབ། འོད་ཟེར་དང་མུན་ནག ཡར་ཐོན་དང་ལོག་སྤྱོད་ཀྱི་ཤི་གསོན་འགྲན་རྩོད་ཀྱི་མདུན་དུ། ཀྲུང་གོ་མི་དམངས་ཀྱིས་དགྲ་བོར་མཉམ་སྡང་དང་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཏེ་རྒྱལ་ཁབ་ཀྱི་འཚོ་གནས་དང་མི་རིགས་བསྐྱར་དར། མིའི་རིགས་ཀྱི་དྲང་བདེན་ཆེད་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བྱས་ཡོད། ད་ལྟ་མིའི་རིགས་ཡང་བསྐྱར་ཞི་བདེའམ་དམག་འཁྲུག་དང་། གླེང་མོལ་ལམ་འགྲན་རྒོལ། གཉིས་རྒྱལ་ལམ་གཉིས་ཕམ་གྱི་གདམ་གར་འཕྲད་ཡོད། ཀྲུང་གོ་མི་དམངས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་བློས་ཐུབ་ཀྱི་དཔའ་བོའི་དམག་དཔུང་ཡིན། དམག་ཡོངས་ཀྱི་དཔོན་དམག་ཚོས་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ལ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་སྐྱོད་ལམ་གསར་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པ། རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབས་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་མཐུན་སྒྲིལ་འབད་བརྩོན་བྱེད་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འགོག་ཐབས་མེད་ཅིང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་ཡིན།
ཞི་ཅིན་ཕིང་གི་གསུང་བཤད་མཇུག་རྫོགས་སྐབས། ཚོགས་ར་ཡོངས་སུ་ཡུན་རིང་བོར་དགའ་བསུའི་ཐལ་མོ་རྡེབ་སྒྲས་ཁེངས།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་དམག་གཟིགས་རླངས་འཁོར་ལ་བཞུགས་ནས་ཅིན་ཧྲུའེ་ཟམ་པ་བརྒལ་ཏེ་ཁྲང་ཨན་སྲང་ལམ་ལ་བསྐྱོད་པའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་དམག་གཟིགས་རླངས་འཁོར་ལ་བཞུགས་ནས་ཅིན་ཧྲུའེ་ཟམ་པ་བརྒལ་ཏེ་ཁྲང་ཨན་ལམ་ལ་བསྐྱོད་པའི་ཚུལ་རེད།
དུས་ཚོད9དང་སྐར་མ15སྟེང་། དམག་གཟིགས་མཛད་སྒོ་མགོ་བརྩམས་པ་དང་། དཔེ་དམག་རང་གྲལ་དུ་ལངས་ལ། དམག་དཔུང་རོལ་དབྱངས་ཚོགས་པས་དམག་གཟིགས་མཛད་སྒོའི་དུང་བརྡ་བཏང་། ཞི་ཅིན་ཕིང་དར་དམར་རྟགས་ཅན་གྱི་དམག་གཟིགས་རླངས་འཁོར་དུ་བཞུགས་པ་དང་། རླངས་འཁོར་ཅིན་ཧྲུའེ་ཟམ་པ་བརྒྱུད་དེ་ཁྲང་ཨན་ལམ་དུ་བསྐྱོད། དམག་གཟིགས་སྤྱིའི་བཀོད་འདོམས་པ་ཧན་ཧྲིན་ཡན་གྱིས་དམག་གཟིགས་དཔུང་ཁག་གྲལ་སྟར་བསྒྲིགས་ཡོད་པ་ཡར་ཞུ་བྱས་པ་དང་། ཞི་ཅིན་ཕིང་གིས་དམག་གཟིགས་མགོ་རྩོམ་པའི་བཀའ་ཕབ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་གཟིགས་ཞིབ་དམག་དཔུང་གི་ཆེས་མདུན་གྲལ་དུ་ཡོད་ལ། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཏང་དར་དང་རྒྱལ་དར། དམག་དར་གྱི་མདུན་དུ་ཕེབས་ནས། དར་ཆར་མིག་འདུད་ཞུས།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་དམག་གཟིགས་སྤྱིའི་བཀོད་འདོམས་པ་ཧན་ཧྲིན་ཡན་གྱིས་དམག་གཟིགས་དཔུང་ཁག་གྲལ་བསྒྲིག་ཡོད་པ་སྙན་ཞུ་བྱས་ནས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཞི་ཅིན་ཕིང་གིས་དམག་གཟིགས་མགོ་རྩོམ་པའི་བཀའ་ཕབ་པའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་དམག་གཟིགས་རླངས་འཁོར་ལ་བཞུགས་ནས་ཏང་དར་དང་རྒྱལ་དར། དམག་དར་གྱི་མདུན་དུ་མིག་འདུད་ཞུ་བའི་ཚུལ་རེད།
རྔམ་བརྗིད་ལྡན་པའི་དམག་དཔུང་གི་རོལ་མོ་དང་བསྟུན་ནས། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཡངས་ཤིང་ཆེ་བའི་ཁྲང་ཨན་སྲང་ལམ་བརྒྱུད་དེ། རྐང་དམག་རུ་སྟར13དང་དམག་དར་རུ་སྟར1། གོ་མཚོན་རུ་སྟར22བཅས་ལ་རིམ་བཞིན་གཟིགས་ཞིབ་གནང་། རུ་སྟར་དམག་དཔུང་གི་སྒྲིག་ལམ་དམ་ཞིང་ཚང་མར་བློ་སྤོབས་ཀྱིས་ཕྱུག ཁྲབ་མཚོན་འཐབ་འཁོར་གྲལ་སྟར་འགྲིག་ལ་ཟིལ་རྔམ་ལྡན། འདི་ནི་མི་དམངས་དམག་དཔུང་གིས་ལོ་བརྒྱའི་རིང་ལ་དམག་དཔུང་འཛུགས་སྐྱོང་ལྷོད་མེད་བྱས་མཐར་མངོན་པའི་རྣམ་པ་གསར་པ་རེད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བརྟན་པོ་བྱེད་པའི་གསལ་བརྡ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་གཟིགས་དཔུང་ཁག་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།
“བློ་མཐུན་ཚོ་བདེ་མོ། “བློ་མཐུན་ཚོས་དཀའ་ལས་མྱངས་སོང”།ཞི་ཅིན་ཕིང་གི་འཚམས་འདྲི་དྲོན་མོས་དམག་མི་ཚོའི་ངར་ཤུགས་བསྐྱེད།“ཀྲུའུ་ཞི་བདེ་མོ། མི་དམངས་ལ་ཞབས་འདེགས་ཞུ།”དམག་གཟིགས་དཔོན་དམག་ཚོར་ངར་ཤུགས་ཀྱིས་ཁེངས་ལ། ཕྱིར་ལན་གྱི་སྐད་སྒྲ་མཐོན་པོ་ཨ་སྔོན་དབྱིངས་ལ་མཆེད། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཕྱིར་གནམ་བདེ་སྒོ་མོ་ཆེར་ཕེབས་སྐབས། དམག་གཟིགས་དཔུང་ཁག་གི་དཔོན་དམག་ཚོས་མགྲིན་གཅིག་ཏུ“ཏང་གི་བཀོད་འདོམས་ལ་ཉན། གཡུལ་འཐབ་ལས་རྒྱལ་ཐུབ། སྤྱོད་ཚུལ་བཟང་། ”“དྲང་བདེན་ལ་རྒྱལ་ཁ་འཐོབ་ངེས། ཞི་བདེ་ལ་རྒྱལ་ཁ་འཐོབ་ངེས། མི་དམངས་ལ་རྒྱལ་ཁ་འཐོབ་ངེས”ཞེས་པ་སོགས་སྐད་གསེང་མཐོན་པོས་བསྒྲགས།
གཟིགས་ཞིབ་གནང་རྗེས། ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་ཕེབས།
དུས་ཚོད9དང་སྐར་མ44སྟེང་། བར་སྣང་དར་སྲུང་རིམ་སྟར་རུ་ཁག་གིས་སྔོན་ལ་དམག་གཟིགས་ཀྱི་དམག་རིགས་རྣམ་འབྱེད་ཀྱི་མགོ་བརྩམས། གྱེན་འཕུར་གནམ་གྲུ3ལ་རིམ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་བཀལ་ནས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་མདུན་དུ་བསྐྱོད། གྱེན་འཕུར་གནམ་གྲུ26གིས་གྲངས་ཀ“80”ཡི་དབྱིབས་གྲུབ་ཡོད་ལ། གྱེན་འཕུར་གནམ་གྲུ3ལ“དྲང་བདེན་ལ་རྒྱལ་ཁ་འཐོབ་ངེས”དང“ཞི་བདེ་ལ་རྒྱལ་ཁ་འཐོབ་ངེས”“མི་དམངས་ལ་རྒྱལ་ཁ་འཐོབ་ངེས”ཞེས་པའི་སྦྱར་ཡིག་བཀལ་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་བར་སྣང་བརྒྱུད་དེ་འཕུར།
ཐེངས་འདིའི་དམག་གཟིགས་ལས་བསྡོམས་པས་རུ་སྟར45ཡིས་གཟིགས་ཞིབ་དང་ལེན་བྱས། གོ་མཚོན་སྒྲིག་ཆས་མང་པོ་ཐོག་མར་འགྲེམས་སྟོན་བྱས་ཏེ། འཇར་འགོག་དཔའ་བོའི་དམག་དཔུང་གི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་ལེགས་པར་མངོན་ཡོད་ལ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ཆབ་སྲིད་དམག་འཛུགས་ཀྱི་རྣམ་པ་གསར་པ་དང་སྟོབས་ཤུགས་ཀྱི་གྲུབ་ཚུལ་གསར་པ། དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་གསར་པ། དམག་འཐབ་གྲ་སྒྲིག་གི་ཕན་འབྲས་གསར་པ་བཅས་ལེགས་པར་མངོན།
དཔའ་བོའི་རུ་དཔུང་ལ་ཟིལ་ཤུགས་ཀྱིས་བརྟས། གཟབ་སྦྲེང་རུ་སྟར་གྱིས་ཏང་དར་དང་རྒྱལ་དར། དམག་དར་བཅས་མཐོན་པོར་བཏེགས་ནས། ཁྲང་ཨན་སྲང་ལམ་ཤར་མ་བརྒྱུད་ནས་མདུན་དུ་བསྐྱོད། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་མཛད་པའི་མི་དམངས་དམག་དཔུང་ནི་ནམ་ཡང་རྒྱལ་ཁབ་སྲུང་སྐྱོབ་བྱེད་མཁན་ཡིན་པ་དང་། ནམ་ཡང་སྤྱི་ཚོགས་རིང་ལུགས་ལ་སྲུང་སྐྱོབ་བྱེད་མཁན་ཡིན་ལ། ནམ་ཡང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་ཡིན། མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་རྗེས་དམག་རིགས་གྲུབ་ཚུལ་གསར་པ་གྲུབ། དཔུང་རིགས4དང་། དམག་རིགས4དང་དྲག་ཆས་ཉེན་རྟོག་རུ་དཔུང་གི་རུ་སྟར་བཅས་ཀྱིས་ཐེངས་དང་པོར་དམག་རིགས་དམག་དར་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་རུ་དར་གཅིག་བསྡུས་སྒོས་ཀུན་གྱི་མིག་མདུན་དུ་བཤམས། སྐམ་དམག་རུ་སྟར་དང་མཚོ་དམག་རུ་སྟར། མཁའ་དམག་རུ་སྟར། མེ་ཤུགས་འཕུར་མདའི་དམག་ཕྱོགས་རུ་སྟར་བཅས་ལ་རྔམ་བརྗིད་ལྡན་ཞིང་། གཞོམ་གཞིག་བྲལ་བའི་ལྕགས་རི་ལྟ་བུའི་དུས་རབས་ཀྱི་ཉམས་འགྱུར་མངོན། དམག་དོན་མཁའ་སྐྱོད་དམག་དཔུང་གི་རུ་སྟར་དང་དྲ་རྒྱ་བར་སྣང་དམག་དཔུང་གི་རུ་སྟར། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་རུ་སྟར། མཉམ་འབྲེལ་འགན་སྲུང་དམག་དཔུང་གི་རུ་སྟར་བཅས་ལ་རྣམ་རིག་གིས་ཕྱུག་ཅིང་། བཅོས་སྒྱུར་དམག་སྟོབས་ཀྱི་རྣམ་པ་གསར་པ་མངོན། དྲག་ཆས་ཉེན་རྟོག་དམག་དཔུང་གི་རུ་སྟར་ལ་དཔའ་ཉམས་ཀྱིས་ཁེངས་ཤིང་། བློ་དཀར་སྲུང་དམག་གི་འགན་འཁྲི་མངོན། གྲ་སྒྲིག་དམག་ཞབས་དམག་དཔུང་གི་རུ་སྟར་དང་དམངས་དམག་རུ་སྟར་ལ་དཔའ་ཉམས་ཀྱིས་ཁེངས་ཤིང་། རྒྱལ་སྲུང་རྒྱབ་ཕྱོགས་སྟོབས་ཤུགས་འཛུགས་སྐྱོང་གི་དུས་རབས་ཀྱི་ཉམས་འགྱུར་མངོན། ཞི་བདེ་སྲུང་སྐྱོང་དམག་དཔུང་རུ་སྟར་གྱི་གོམ་སྟབས་བརྟན་ལ། ཀྲུང་གོའི་དམག་དཔུང་གིས་ལག་ལེན་ལ་བརྟེན་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ཕུལ་བའི་བྱས་རྗེས་གལ་ཆེན་མངོན་ཡོད།
དམག་དར་ལྷབ་ལྷུབ་བསྐྱོད། གོ་མཚོན་ཧྲིག་སེ་ཧྲིག འཇར་འགོག་དམག་འཁྲུག་གི་དཔའ་བོའི་དཔེ་བཟང་དཔུང་སྡེའི་གཟི་བརྗིད་དར་ཆ80ཡིས་གྲུབ་པའི་དམག་དར་རུ་སྟར་དེས་ལོ་རྒྱུས་ཀྱི་གཟི་འོད་ཐེག་ནས་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། དཔའ་བོའི་དར་ཆ་དང་རྒྱལ་ཁའི་དར་ཆ། ཉམས་པ་མེད་པའི་དར་ཆ་འདི་དག་གིས་མི་དམངས་དམག་དཔུང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་བཞིན་ཡོད། གོ་མཚོན་རུ་སྟར་གྱིས་སྐམ་སའི་དམག་འཐབ་ཚོགས་པ་དང་མཚོ་ཐོག་དམག་འཐབ་ཚོགས་པ། མཁའ་ཟོན་འཕུར་མདའ་འགོག་རྒོལ་ཚོགས་པ། ཆ་འཕྲིན་དམག་འཐབ་ཚོགས་པ། མི་མེད་དམག་འཐབ་ཚོགས་པ། མཁོ་སྒྲུབ་འགན་སྲུང་ཚོགས་པ། འཐབ་ཇུས་རྡུང་རྡེག་ཚོགས་པ་བཅས་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་གཟིགས་ཞིབ་དང་ལེན་བྱས། གསར་བྱུང་ཐན་ཁེ་དང་མི་མེད་རིག་ནུས། དྲ་གློག་གི་དམག་འཐབ། སྒྲ་བརྒལ་མྱུར་ཚད། མཁའ་ཟོན་མདེལ་འགོག འཐབ་ཇུས་འཕུར་མདེལ་སོགས་འཇར་འགོག་དམག་འཁྲུག་དུས་སྐབས་ཀྱི་ཤིང་བཟོས་མེ་མདའ་དང་ལག་བཟོས་མེ་སྒྱོགས་ནས་ད་ལྟའི་དམག་འཐབ་སྟོབས་ཤུགས་གསར་གྲས། རང་རྒྱལ་གྱིས་བཟོས་པའི་དངོས་ཞབས་དམག་འཐབ་གཙོ་བོའི་སྒྲིག་ཆས་དང་འཐབ་ཇུས་ལྗིད་གྲས་དམག་ཆས་བཅས་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་གི་མདུན་ནས་རེ་རེ་བཞིན་མངོན་ནས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ངར་ལྕགས་ལྟ་བུའི་བློ་སྤོབས་དང་སྟོབས་ཤུགས་ཆེན་པོ་མངོན་པར་བྱས།
གནམ་གྲུའི་རུ་སྟར་མཁའ་རུ་ལྡིང་། འཕུར་རྩལ་ངོམ་ནས་ནམ་འཕང་བཅད། སྔོན་བརྡའི་བཀོད་འདོམས་གནམ་གྲུ་དང་དམིགས་བསལ་གནམ་གྲུ། སྐྱེལ་འདྲེན་གནམ་གྲུ། འགད་གཏོར་གནམ་གྲུ། སྣུམ་སྣོན་གནམ་གྲུ། རྒོལ་གཏོར་གནམ་གྲུ། གྲུ་ཐོག་གནམ་གྲུ་སོགས་གནམ་གྲུ་རིམ་བསྟར་རུ་ཁག་རེ་རེ་བཞིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཁའ་དབྱིངས་སུ་འཕུར་བ་དང་། གཟིགས་ཞིབ་དང་ལེན་བྱེད་པའི་ཉེན་ཟོན་མྱུལ་ཞིབ་དང་། རྒྱང་བསྟེན་རྡུང་རྡེག མཁའ་སྡོམ་དམག་འཐབ། འཐབ་ཇུས་མངག་སྐྱེལ། རོགས་སྐྱོར་འགན་སྲུང་སོགས་ཀྱི་གནམ་གྲུའི་རིགས་ཀྱིས་མ་ལག་ལྡན་པར་རང་དམག་མགྱོགས་མྱུར་ངང་འཕར་བའི་བར་སྣང་དམག་འཐབ་ཀྱི་ནུས་པ་མངོན་པར་བྱས་ཡོད། རྩལ་འཁྲིད་གནམ་གྲུའི་རིམ་བསྟར་རུ་ཁག་གིས་ཚོན་ལྡན་དུ་ཞགས14འཐེན་པ་དེས། ཀྲུང་ཧྭ་མི་རིགས་ཀྱི་ལོ14རིང་གི་དགའ་སྐྱོ་ཟུང་ལྡན་གྱི་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་མཚོན་པ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མཚོན་ཡོད།
ཞི་བདེའི་ཕུག་རོན་ཁྲི8བར་སྣང་དུ་འཕུར་ནས་ནམ་འཕང་བཅད་པ་དང་། དབུགས་ལྒང་ཁྲི8བར་སྣང་དུ་བཏང་ལ། 《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་བརྗིད་ཉམས་ལྡན་པའི་རོལ་དབྱངས་ཐང་ཆེན་ཡོངས་སུ་གྲགས། ཞི་ཅིན་ཕིང་སོགས་ཀྱིས་ལས་རིགས་སོ་སོའི་མང་ཚོགས་ལ་གུས་ལན་ཡང་ཡང་ཞུས་ནས། ཐང་ཆེན་ཕྱི་ནང་དུ་དགའ་སྤྲོའི་དཔལ་གྱིས་ཁེངས།
ཚོགས་ཆེན་གྱི་དུས་ཡུན་དུས་ཚོད1དང་སྐར་མ26ཡིན་པ་དང་། ཆུ་ཚོད10དང་སྐར་མ26ཐོག་ཕུན་སུམ་ཚོགས་པར་མཇུག་བསྒྲིལ།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཚོགས་ཆེན་སྔོན་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་དེ་དག་གི་ལྕམ་མོར་བསུ་བ་བྱས་མ་ཟད། ཁོ་ཚོ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།
ཚོགས་ཆེན་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་དེ་དག་གི་ལྕམ་མོར་བསུ་བ་བྱས་མ་ཟད། ཁོ་ཚོ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།
ཚོགས་ཆེན་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན། ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་། ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པོ་ཝུའོ། མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར། མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་རི་ལི་སུའུ་ཧི། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི། བལ་པོའི་ཙུང་ལི་ཨོ་ལི། མར་ཏི་ཝེའི་སྲིད་འཛིན་མུའུ་དབྱི་ཙི། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་མུས་ཨེར་ཅི་ཡུའེ་ཡེ་ཧྥུའུ། ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལ་ཧི་མིན། ཁེར་གྷི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ། ཏུར་མན་སི་ཐན་གྱི་སྲིད་འཛིན་པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ། བྷེ་ཨུ་རུ་སུའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁོ། ཨ་ཟེར་བྷེ་ཇང་གི་སྲིད་འཛིན་ཨ་ལིས་ཡེ་ཧྥུའུ། ཡ་མེ་ཉི་ཡའི་ཙུང་ལི་ཕ་ཧྲི་ཉི་ཡང་། དབྱི་ལང་གི་སྲིད་འཛིན་ཕེ་ཙི་ཞི་ཆི་དབྱང་། ཁོང་ཀོ(པུའུ)ཡི་སྲིད་འཛིན་ས་སུའུ། ཙམ་པབ་ཝེ་ཡི་སྲིད་འཛིན་མུའུ་ནན་ཅ་ཀུའུ་ཝ། སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི། སི་ལའོ་ཝ་ཁེ་ཡི་ཙུང་ལི་ཧྥེ་ཙུའོ། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེ་ཨར། འབར་མའི་སྲིད་འཛིན་ལས་ཚབ་རྨིན་ཨང་ལའེ། ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི། ཏུང་ཏི་ཝུན་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཧྥེར་ནན་ཏེ། ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལུའོ་ཏེ་ལི་ཀེ་སི། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཡན་ཅིན་ཡུང་། ཨེ་ཅིབ་ཀྱི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་དང་ཙུང་ལི་གཞོན་པ་ཝ་ཆི་ཨེར། པུར་ཀ་རི་ཡའི་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་སྤྱི་ཚོགས་ཏང་གི་ཀྲུའུ་ཞི་ཀྲ་ཧྥེ་ལུའོ་ཧྥུའུ། ཐུར་ཁེའི་སྲིད་འཛིན་ཨེར་ཏོ་ཨན་གྱི་འཐུས་མི་དང་ཕྱི་འབྲེལ་པུའུ་ཀྲང་ཧྥེ་ཏན། ཐུར་ཁེའི་སྲིད་འཛིན་ཨེར་ཏོ་ཨན་གྱི་འཐུས་མི་དང་ནུས་རྒྱུ་དང་རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་པ་དབྱི་ལ་ཁེ་ཐ་ཨེར། པར་ཙིར་སྲིད་འཛིན་གྱི་དབུ་བཞུགས་དམིགས་བསལ་བློ་འདྲི་བ་ཨ་མོ་ལིན། པར་ཙིར་སྲིད་གཞུང་གི་འཐུས་མི་དང་ཀྲུང་གོར་སྡོད་པའི་པར་ཙིར་གྱི་གཞུང་ཚབ་ཆེན་མོ་ཀའོ་ཝང་། ནི་ཁ་ལ་ཀྭ་སྲིད་གཞུང་གི་འཐུས་མི་དང་སྲིད་འཛིན་གྱི་བློ་འདྲི་བ་ལའོ་ལེ་ཡ་ནུའོ། ཧང་ག་རི་སྲིད་གཞུང་གི་འཐུས་མི་དང་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའུ་ཀྲང་ཞི་ཡ་ཨེར་ཏུའོ། ཝིན་ལའེ་གོང་མ་ཚང་དྲག་ཆས་དཔུང་སྡེའི་དམག་སྤྱི་ཧ་ཀྲ་དབྱི་སྨི། བྷང་ག་ལའི་གནས་སྐབས་སྲིད་གཞུང་གི་འཐུས་མི་དང་རྒྱལ་ཁབ་བདེ་འཇགས་བློ་འདྲི་བ་ལ་ཧོ་མན། ཡོ་རོབ་གླིང་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་ཏུའོ་སི་ཐ་ཨེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལི་ཅུན་ཧྭ། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཆུས་ཏུང་ཡུས། གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལུའོ་སའེ་ཧྥུ། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཧང་ཀྲང་ཅིན་ལི་ཆུན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཡེ་ཨེར་མེ་ཁེ་པ་ཡ་ཧྥུའུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲ་ཨེར་ཧྲེ་ཡེ་ཧྥུའུ། ཨེ་ཤེ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་ཚོགས་འདུའི་དྲུང་ཡིག་ཆེན་མོ་ས་ལེ་པེ། རང་བཙན་རྒྱལ་ཁབ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལེ་པེ་ཅེ་ཧྥུའུ། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཐ་སི་མ་ཅ་མུའུ་པེ་ཐུའོ་ཧྥུའུ། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ས་ཅིན་ཐ་ཡེ་ཧྥུའུ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུའུ། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཟུར་པ་དང་ནོར་སྲིད་པུའུ་ཀྲང་མའོ་ལེ་ཨེར། པིས་ལེ་ཧྲིའི་དབུ་བཞུགས་བློན་ཆེན་ཟུར་པ་ལའེ་ཐེ་མུའུ། ཀེ་རི་སེའི་ཙུང་ལི་ཟུར་པ་ཕ་ཕན་ཏེ་ལི་ཨོའུ། དབྱི་ཐ་ལིའི་ཙུང་ལི་ཟུར་པ་ཏ་ལའེ་མ། རོ་མ་ཉི་ཡའི་ཙུང་ལི་ཟུར་པ་ནེ་སི་ཐ་སའེ་དང་ཏེང་ཆི་ལེ། ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་ཁེ་ལ་ཁི་དང་ཡུའེ་ཧན་ཅི། ཨོ་སི་ཁྲུ་ལི་ཡའི་ཝེ་ཏུའོ་ལི་ཡ་མངའ་སྡེའི་མངའ་དཔོན་ཟུར་པ་ཨན་ཏེ་ལུའུ་སི་བཅས་ཡོད།
ཚོགས་ཆེན་ལ་ཞུགས་མཁན་གྱི་གྲས་སུ་ད་དུང་མཱ་ཞིན་རུའེ་དང་ཝང་དབྱི། དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲེན་ཝུན་ཆིན། ཁྲེན་ཅི་ཉིང་། ཁྲེན་རྨིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལི་རུའེ་ཧོན། ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲིན་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ལན་ཆིང་། ཙིན་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་། མགོ་ཁྲིད་ཀྱི་ལས་གནས་ནས་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྣམས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་བཅས་ཡོད།
པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་པ་རྒན་པ་དང་བློ་མཐུན་རྒན་པ། གཡུལ་སར་རྒྱབ་སྐྱོར་བྱེད་མཁན་གྱི་དཔེ་བཟང་འཐུས་མི། འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་མི། གོ་མིན་ཏང་གི་འཇར་འགོག་དམག་མི་རྒན་པའི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་མི་སྣ་དང་། འཇར་འགོག་དམག་འཁྲུག་གི་དམག་དཔོན་འདས་པོའི་ཁྱིམ་མིའི་འཐུས་མི། བློ་མཐུན་རྒན་པའི་འཐུས་མི། པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་དོ་དམ་དངུལ་རྩའི་ལས་ཁུངས་དང་ཁེ་ལས། མཐོ་རིམ་སློབ་གྲྭ་སོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་གི་པེ་ཅིན་དུ་ཡོད་པའི་ཨུ་ཡོན་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་པེ་ཅིན་དུ་ཡོད་པའི་ལག་བསྟར་ཨུ་ཡོན། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས། ”“བརྒྱད་གཅིག་བྱས་རྗེས་གཟེངས་རྟགས”དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མི། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་པ་གཙོ་བོ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཐུས་མི། པེ་ཅིན་དུ་ཡོད་པའི་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། སྔོན་གཤེགས་དཔའ་བོ་དང་གཞུང་དོན་དུ་རང་སྲོག་བློས་བཏང་བའི་འདས་པོའི་ཁྱིམ་མིའི་འཐུས་མི། ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་ནས་རྒྱལ་ནང་དུ་ལོག་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་འཐུས་མི། འདས་ཟིན་པའི་བློ་མཐུན་རྒན་པ་ཁག་ཅིག་གི་གཉེན་ཉེ། རྒྱལ་ཡོངས་ཀྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིན་བཅའ་སྡོད་དམག་དཔུང་གི་དཔོན་དམག་གི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།
ཕྱི་རྒྱལ་འཐུས་ཚབ་ཚོགས་པའི་ཁོངས་མིའི་འཐུས་ཚབ་དང་རྒྱལ་ཁབ་སོ་སོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ། དྲག་དཔོན་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཀྲུང་གོར་སྡོད་པའི་འཐུས་ཚབ། ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་རྒྱལ་ཁ་ལེན་པའི་ཐད་བྱས་རྗེས་བཞག་པའི་རྒྱལ་སྤྱིའི་གྲོགས་པོ་དང་ཁོ་ཚོའི་གཉེན་མིའི་འཐུས་ཚབ། པེ་ཅིན་དུ་སྡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་ཚབ་བཅས་གདན་ཞུ་ལྟར་ཚོགས་ཆེན་ལ་ཞུགས། །
འཕྲིན་སྟེགས། weikangba