
ཟླ9པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཞི་ཡིས་པེ་ཅིན་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པར་ཕེབས་པའི་མར་ཏེ་ཝེའི་སྲིད་འཛིན་མུའུ་དབྱི་ཚི་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཞི་ཡིས་ཚེས2ཉིན་པེ་ཅིན་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པར་ཕེབས་པའི་མར་ཏེ་ཝེའི་སྲིད་འཛིན་མུའུ་དབྱི་ཚི་ལ་ཐུག་འཕྲད་གནང་།
ལི་ཞི་ཡིས་བསྟན་དོན། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་གྲུབ་འབྲས་ལྡན་པའི་ཐུག་འཕྲད་གནང་། ཀྲུང་གོས་སྐུ་ཞབས་སྲིད་འཛིན་གྱིས་ཀྲུང་གོའི་མཛད་མཐུན་སྲིད་ཇུས་ལག་བསྟར་གནང་བར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། མར་ཏེ་ཝེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱས་ཏེ། འཐབ་ཇུས་ཡིད་རྟོན་ཇེ་ཟབ་དང་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་བཏང་སྟེ། ཀྲུང་གོ་དང་མར་ཏེ་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། ལི་ཞི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གནས་ཚུལ་མཚམས་སྦྱོར་ནས། ཀྲུང་གོས་མར་ཏེ་ཝེ་དང་མཉམ་དུ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་དུ་གཏོང་འདོད་ཡོད།
མུའུ་དབྱི་ཚི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་མར་ཀྲུང་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བཀའ་དྲིན་ཞུས་པ་དང་། མར་ཀྲུང་གིས་ཐོག་མཐར་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། མར་ཏེ་ཝེ་ཕྱོགས་ཀྱིས་མུ་མཐུད་དུ་འགྱུར་མེད་ངང་ཀྲུང་གོ་ཕྱོགས་དང་མཉམ་དུ་ལངས་རྒྱུ་ཡིན་པར་བསྟན། ཁོང་གིས་སང་ཉིན་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པར་རེ་བ་བྱེད་ཀྱིན་ཡོད་ཟེར། །
འཕྲིན་སྟེགས། weikangba