ལི་ཆང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུ་ལ་ཐུག་འཕྲག་གནང་བ།

2025-09-05
201

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས2ཉིན་གྱི་སྔ་དྲོར་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུགལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུ་ལ་ཐུག་འཕྲན་གནང་།

ལི་ཆང་གིས་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་ནི་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག མིག་སྔར་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་རྫོགས་ལྡན་དུས་སྐབས་སུ་སླེབས་པ་དང་མཉམ་ལས་ལ་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད། དེ་རིང་སྔ་དྲོ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ཐུག་འཕྲད་གནང་ནས། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་བཀོད་སྒྲིག་གསར་པ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་བཅས་བྱས་ཏེ། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་འདོད་ཡོད།

སྨི་ཨེར་ཅི་ཡུའེ་ཡེ་ཧྥུ་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་ལ་ཕུན་སུམ་ཚོགས་པའི་ལེགས་འགྲུབ་ཐོབ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད། ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་གྲོས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་བརྒྱུད་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། མིག་སྔར་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་ཤོས་སུ་གནས་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་གྱིས་དུས་ཡུན་རིང་བོར་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་འཛུགས་སྐྲུན་ལ་རོགས་རམ་རྩ་ཆེན་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་བར་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད། མི་ཐབས་རིག་ནུས། དབུལ་པོ་ཉུང་གཏོང་། མི་ཆོས་སོགས་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་པ་མ་ཟད། དེ་ལས་མང་བའི་ཀྲུང་གོའི་ཁེ་ལས་ཨུ་ཟ་བྷེ་ཁི་སི་ཐན་དུ་མ་རྩ་འཇོག་པ་དང་ལས་གཉེར་བྱེད་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ“སྟོབས་ཤུགས་ཁག་གསུམ”རྡུང་རྡེག་གཏོང་འདོད་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལམ་སྲོལ་སོགས་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཉམ་ལས་སྔར་བས་དམ་ཟབ་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

ཝུའུ་ཀྲེང་ལུང་ཐུག་འཕྲད་ལ་ཞུགས། །


  • 顶