
ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོར་ཞུགས་པའི་ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལཱ་ཧོ་མེང་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚེས3ཉིན་གྱི་ཕྱི་དྲོར་པེ་ཅིན་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོར་ཞུགས་པའི་ཐ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལཱ་ཧོ་མེང་ལ་ཐུག་འཕྲད་གནང་།
ཀྲའོ་ལེ་ཅིས་བསྟན་དོན། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ཐུག་འཕྲད་གནང་ནས། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་བཀོད་སྒྲིག་གསར་པ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པའི་གོ་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐ་ཅི་ཁི་སི་ཐན་གྲོས་ཚོགས་བར་སྤེལ་རེས་དང་འགྲོ་འོང་བྱེད་པར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
ལཱ་ཧོ་མེང་གིས་བསྟན་དོན། ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཐ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྔོན་ལ་འཇོག་པའི་ཁ་ཕྱོགས་ཤིག་ཡིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པ་དང་ཀྲུང་གོས་ལེགས་འགྲུབ་ངང་དམག་གཟིགས་གཟབ་རྒྱས་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ། ཐ་ཅི་ཁི་སི་ཐན་དང་ཀྲུང་གོས"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་དང་། དཔལ་འབྱོར་ཉོ་ཚོང་། མི་ཆོས། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་ལས་ཁུངས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས། །
འཕྲིན་སྟེགས། weikangba