ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་ལ་མཇལ་འཕྲད་གནང་།

2025-09-05
313

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བའི་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ལས། བདེན་ཡོད་རོགས་མང་དང་བདེན་མེད་རོགས་ཉུང་ཡིན་པས། རྒྱལ་ཁ་ནི་དྲང་བདེན་གྱི་ཕྱོགས་སུ་གཏོགས་ངེས་ཡིན་པ་གང་ལེགས་སྒོས་མཚོན། ཀྲུང་ཝེ་ཕྱོགས་གཉིས་ཀྱིས་མཉམ་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་དགོས་ལ། འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་དང་འཛམ་གླིང་འཁྲུག་ཆེན་ཨང་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་བཞག་བདེན་སྐྱོང་བཅས་བྱས་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་རྩ་བརྟན་པོས་ལངས་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་ལེགས་པར་བསྐྱོད་དེ། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་བསྡུ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན།  ཕྱོགས་གཉིས་ཀྱིས་བློ་མཐུན་དང་སྤུན་ཟླའི་སྙིང་སྟོབས་ལ་གཞིགས་ནས། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་དང་། ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བ་དང“ཀྲུང་ཝེ་མི་ཚུལ་སྤེལ་རེས་ལོའི”བྱེད་སྒོ་རབ་དང་རིམ་པ་ལེགས་པོར་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་པར་བྱ་དགོས། ཕྱོགས་རྐྱང་རིང་ལུགས་དང་ཆེ་བཙན་ཆུང་བརྙས་ཀྱི་ལ་ཁ་གཏད་དེ། རྒྱལ་ཁབ་མང་པོ་ཞིག་གིས་འོས་མེད་འགྲིག་ཐབས་དང་ཟུར་བཤོལ་བྱས་ན་མདུན་ལམ་མེད་པར། མཉམ་འབྲེལ་རང་བརྩོན་བྱས་ན་ད་གཟོད་རེ་བ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པ་ནི། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ནས། འཛམ་གླིང་ལ་དྲང་ནུས་སྔར་ལས་མང་བ་མཁོ་འདོན་བྱེད་འདོད་ཡོད།

ལེང་ཆང་གིས་ཀྲུང་གོས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་རྒྱལ་ཁའི་ངང་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། བྱེད་སྒོ་གལ་ཆེན་གཉིས་སྤེལ་བ་ལས་ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་ཤུགས་རྐྱེན་མངོན་པར་མཚོན་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་མུ་མཐུད་དུ་འཕེལ་རྒྱས་དང་སྟོབས་ཆེར་ཡོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་མངོན་འགྱུར་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཆེད་དུ་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་ཡིད་ཆེས་བརྟན་པོ་ཡོད། ཝེ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལེགས་པ་དང་། མཐོ་རིམ་འབྲེལ་གཏུག་དམ་ཟབ་ཡིན་པས། ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རིམ་བདེ་བླག་ཡིན། ཀྲུང་གོའི་འབྲེལ་བ་ནི་ཝེ་ཐེ་ནམ་ལ་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད་པས། ཝེ་ཐེ་ནམ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཨང་དང་པོར་བརྩིས་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་འཛམ་གླིང་གི་དུས་བབ་ཀྱི་མདུན་དུ། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྒྲིལ་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བྱ་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་བཀོད། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། ཕྱོགས་མང་ལས་སྟེགས་སུ་ཕན་ཚུན་གཞོགས་འདེགས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཐང་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

ཝང་དབྱི་མཇལ་འཕྲད་ལ་ཞུགས།


  • 顶