ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་གཙོ་འཛིན་གྱི་མཇལ་འཛོམས་ཐེངས་བདུན་པར་འགོ་འཛིན་མཛད།

2025-09-03
716

ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་རི་ལེ་སུའུ་ཧི་གཉིས་དང་མཉམ་དུ། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་གཙོ་འཛིན་གྱི་མཇལ་འཛོམས་ཐེངས་བདུན་པ་བསྡུས།

ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་རི་ལེ་སུའུ་ཧི་གཉིས་དང་མཉམ་དུ། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་གཙོ་འཛིན་གྱི་མཇལ་འཛོམས་ཐེངས་བདུན་པ་བསྡུས།

ཞི་ཅིན་ཕིང་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་ཕྱོགས་གསུམ་གྱི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་སུ་ཕྱིན་ཏེ། ངེས་པ་དོན་གྱི་གྲུབ་འབྲས་བླངས་ཡོད། ཕྱོགས་གསུམ་མཉམ་ལས་ཀྱི་དུས་རིམ་བར་མའི་ལམ་ཐིག་རི་མོ་བདེ་བླག་ངང་ལག་བསྟར་བྱས་པ་དང་། རྒྱལ་ཁབ་གསུམ་གྱི་ཉོ་ཚོང་གྲངས་འབོར་ཉིན་རེ་བཞིན་ཇེ་མང་དུ་སོང་སྟེ། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། སྐྱེ་ཁམས་སྲུང་སྐྱོབ། མི་གཞུང་མཉམ་ལས་བཅས་རྒྱུན་མི་ཆད་པར་གཏིང་ཇེ་ཟབ་ཏུ་ཕྱིན། རི་ཆུ་འབྲེལ་ཞིང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་མོང་གོལ་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་ཐོག་མའི་སེམས་འདུན་དམ་སྲུང་བྱས་ཏེ། ཕྱི་ཕྱོགས་ཀྱི་འགལ་རྐྱེན་སེལ་ནས་ཕྱོགས་གསུམ་གྱི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནས་གྲོས་འགོ་ཁག་གསུམ་བཏོན་པ་སྟེ།

གཅིག་ནས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་གནས་བབ་ཇི་ལྟར་རྙོག་འཛིང་ཆེ་རུང་། ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་ཕྱོགས་གསུམ་པོས་མཐུན་སྒྲིལ་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕན་ཚུན་གྱི་ ཁེ་ཕན་གཙོ་བོ་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱས་ཏེ། རང་སོ་སོའི་འཕེལ་རྒྱས་བགྲོད་ལམ་སྲ་ཞིང་བརྟན་པའི་འཐབ་ཇུས་ཀྱི་རྒྱབ་རྟེན་བྱེད་དགོས། གཉིས་ནས་གཉིས་ཕན་མཉམ་ལས་ཟབ་མོ་བྱེད་དགོས། “སྲ་སྦྲེལ”དེ་ཁ་ཕྱོགས་གལ་ཆེན་དུ་བཟུང་སྟེ། རྒྱལ་ཁབ་གསུམ་སྦྲེལ་མཐུད་ཀྱི་རྒྱལ་ཁོངས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་ལས་གཞིར་འབད་པས་སྐུལ་འདེད་བཏང་ནས། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།    “མཉེན་སྦྲེལ”དེ་འདེགས་སྐྱོར་གལ་ཆེན་དུ་བརྩིས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རང་དངུལ་རྩིས་རྒྱག་གི་གཞི་ཁྱོན་ཇེ་ཆེར་གཏོང་དགོས།“སེམས་སྦྲེལ”དེ་རྨང་གཞི་གལ་ཆེན་དུ་བརྩིས་ཏེ། རྒྱལ་ཁབ་གསུམ་པོའི་ས་མཚམས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བར་གྱི་འགྲོ་འོང་ཇེ་དམ་དུ་བཏང་ནས། ཡུལ་སྐོར་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་མཉམ་ལས་ལ་ཤུགས་སྣོན་དགོས། གསུམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཁུལ་གྱི་རོགས་རེས་ཇེ་དམ་དུ་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ས་ཁུལ་དང་རྒྱལ་ཁབ་ཀྱིས་བདེ་འཇགས་མཉམ་སྲུང་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན། ཐེན་ཅིན་རྩེ་ཚོགས་ཀྱི་སྐབས་སུ་ཀྲུང་གོས་སྐུལ་འདེད་བཏང་སྟེ་བཙུགས་པའི་མཉམ་ལས་ལས་སྟེགས་དང་ལྟེ་གནས་སྣ་ཚོགས་ཡག་པོར་སྤྱད་དེ། སྔར་ལས་ཡངས་པའི་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་དགོས་ཞེས་གསུངས།

ཕུའུ་ཅིང་གིས་ཨུ་རུ་སུ་དང་ཀྲུང་གོ མོང་གོལ་བཅས་གསུམ་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཡུན་རིང་མཉམ་ལས་ཀྱི་སྲོལ་རྒྱུན་ཡོད། ཆབ་སྲིད་ཐད་ཕན་ཚུན་བར་ཡིད་ཆེས་བྱེད་ཤུགས་ཇེ་མཐོར་གཏོང་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བས། ཕྱོགས་གསུམ་པོའི་འབྲེལ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་ཕན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མོང་གོལ་བར་འདྲ་མཉམ་གཉིས་ཕན་དང་མ་འོངས་པར་ཁ་ཕྱོགས་པའི་འཐབ་ཇུས་མཉམ་ལས་བྱས་ཏེ། ཕྱོགས་གསུམ་གྱི་མཉམ་ལས་དེ་ཕྱོགས་གཉིས་ཀྱི་མཉམ་ལས་དང་ཕན་ཚུན་གསབ་རེས་དང་ཕན་ཚུན་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གསུམ་པོས་འཐབ་ཇུས་འབྲེལ་མཐུད་འཕེལ་རྒྱས་དམ་ཟབ་གཏོང་བ་དང་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཉོ་ཚོང་དང་དངུལ་གཏོང་གཞི་ཁྱོན་ཇེ་ཆེར་གཏོང་དགོས་ལ། དངུལ་རྩ་དང་ནུས་ཁུངས། གཞི་གྲངས་དཔལ་འབྱོར། སློབ་གསོ། ཁོར་སྲུང་། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་ཇེ་ཟབ་ཏུ་བཏང་སྟེ། རང་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་དང་། ས་ཁོངས་དཔལ་འབྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད་དམངས་སེམས་གཅིག་མཐུན་ཡོང་བར་བྱེད་དགོས་ཞེས་བསྟན།

ཧུའུ་རི་ལེ་སུའུ་ཧི་ཡིས་ཀྲུང་གོ་དང་ཨུ་རུ་སུ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན། མོང་གོལ་ཕྱོགས་ཀྱིས་ཕྱོགས་གཉི་གའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཕྱོགས་གསུམ་གྱི་མཉམ་ལས་རྒྱ་སྐྱེད་ལ་ཤུགས་འདོན་དགོས་ལ། ཀྲུང་གོ་དང་མོང་གོལ། ཨུ་རུ་སུ་གསུམ་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མི་གཞུང་རིག་གནས་སྤེལ་རེས་ཇེ་དྲག་དང་རྒྱལ་ཁབ་གསུམ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ད་ལོ་ནི་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་རླབས་ཆེན་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བའི་ལོ་ཡིན་པས། མོང་གོལ་དང་ཀྲུང་གོ ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་གྱི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་འདི་ལ་མཉམ་དུ་རྟེན་འབྲེལ་དང་དྲན་གསོ་བྱས་ནས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་དར་སྤེལ་གཏོང་དགོས་ཞེས་བསྟན།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།


  • 顶