ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུའི་གསོལ་སྟོན་སྤེལ་བ།

2025-09-02
376

ཟླ8པའི་ཚེས31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཐེན་ཅིན་མའེ་ཅང་འགྲེམ་སྟོན་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་བསུ་མ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཐེན་ཅིན་མའེ་ཅང་འགྲེམ་སྟོན་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་བསུ་མ་གནང་།

ཧའེ་ཧི་གཙང་པོའི་འགྲམ་ངོགས་སུ། གློག་འོད་སྣ་ཚོགས་རྣམ་པར་བཀྲ།

རྩེ་ཚོགས་ལ་ཞུགས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཁོངས་མི་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ། གྲོས་མོལ་རོགས་ཟླའི་རྒྱལ་ཁབ། ཀྲུའུ་ཞི་རྒྱལ་ཁབ་བཅས་ཀྱི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་མགོ་ཁྲིད་དང་དེ་དག་གི་ལྕམ་མོ་སོགས་སྐུ་མགྲོན20ལྷག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སོགས་རྒྱལ་སྤྱི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ10ལྷག་སྔ་རྗེས་སུ་ཕེབས་པ་རེད། གུས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་སོ་སོའི་རོལ་དབྱངས་གྲགས་ཅན་དང་བསྡོངས་ནས། རྒྱལ་སྤྱིའི་སྐུ་མགྲོན་ཚོ་རྒྱལ་ཁབ་སོ་སོའི་རྒྱལ་དར་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཚོགས་དར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆ་སོགས་སྒྲིག་ཡོད་པའི་ས་གདན་དམར་པོའི་བགྲོད་ལམ་བརྒྱུད་དེ་མདུན་དུ་བསྐྱོད། 

ཟླ8པའི་ཚེས31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཐེན་ཅིན་མའེ་ཅང་འགྲེམ་སྟོན་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་བསུ་མ་གནང་། འདི་ནི་གསོལ་སྟོན་སྔོན་དུ་ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་མཉམ་དུ་པར་ལེན་པའི་ཚུལ་རེད།

ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་ཕྱི་ཕྱོགས་ཀྱི་མགོ་ཁྲིད་པ་དང་ལྕམ་མོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཁོ་ཚོ་དང་ཕྱག་འཇུ་གནང་ནས་ཕན་ཚུན་ལ་འཚམས་འདྲི་དང་བརྗེ་དྲན་འདྲ་པར་བླངས།

དགའ་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕིན་ལི་ཡོན་སྐུ་མགྲོན་ཚོ་དང་མཉམ་དུ་གསོལ་སྟོན་ཚོམས་ཆེན་ལ་ཕེབས། 

ཟླ8པའི་ཚེས31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཐེན་ཅིན་མའེ་ཅང་འགྲེམ་སྟོན་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་བསུ་མ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་བའི་ཚུལ་རེད།

ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་བསུ་མ་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ"ཧྲང་ཧའེ་སྙིང་སྟོབས"རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་ཞུགས་པ་བཅས་ཀྱིས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བ་དང་། བརྟན་ལྷིང་མེད་པ་དང་ངེས་གཏན་མེད་པ། སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མངོན་གསལ་དོད་པོ་ཇེ་མང་དུ་ཕྱིན་པས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དེ་བས་གལ་འགངས་ཆེ་བ་ཞིག་ཡིན། ད་ཐེངས་ཀྱི་རྩེ་ཚོགས་ཐོག་ཕྱོགས་སོ་སོའི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་། མཉམ་ལས་ཀྱི་སྒུལ་ཤུགས་སྐུལ་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་འཆར་གཞི་འཆར་འགོད་བྱེད་པ་བཅས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་ཡོད། ཕྱོགས་་སོ་སོས་ཐུན་མོང་ཐོག་འབད་བརྩོན་བྱས་ཚེ། རྩེ་ཚོགས་ལེགས་འགྲུབ་ཡོང་ངེས་ཡིན་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གྲུབ་འབྲས་དེ་བས་ཆེན་པོ་མངོན་པ་དང་། སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ། མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་བྱ་གཞག་ལ་རོགས་རམ་བཅས་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ངེས་ཡིན་པའི་ཡིད་ཆེས་ཡོད།

ཟླ8པའི་ཚེས31ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་ཐེན་ཅིན་མའེ་ཅང་འགྲེམ་སྟོན་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་བསུ་མ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་བའི་ཚུལ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཐེན་ཅིན་ནི་སྒོ་འབྱེད་དཀྱེལ་ཡངས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་། གནའ་ནས་བཟུང་རྒྱལ་སའི་ཉེ་འགྲམ་གྱི་གཙོ་གནད་ས་ཁུལ་ཡིན་ལ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྔོན་སྐྱོད་ཁུལ་ཡིན། ཅིན་ཅུན་དབྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐེན་ཅིན་གྱིས་མུ་མཐུད་དུ་རྣམ་པ་གསར་བ་མངོན་ཡོད། ཐེངས་འདིར་ཐེན་ཅིན་དུ་རྩེ་ཚོགས་འདི་གཉེར་བ་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣོན་ཐུབ་ངེས་ཡིན། 

གསོལ་སྟོན་རྗེས་སུ། ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་མཉམ་དུ《ཐུན་མོང་ཐོག་མ་འོངས་པ་བསྐྲུན》ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་དང་། དཔལ་ཡོན་དཔྱད་གཞིར་འཛིན་པ་དང་ཆུ་བརྒྱ་སྣ་གཅིག་ཏུ་འཛོམས་པའི་མཉམ་འདུས་ཀྱི་མཛེས་པར་རོལ་མྱོང་བྱས་ཤིང་། ཧྲའེ་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞི་ཆེན་མོར་མཐུན་སྒྲིལ་མཉམ་ལས་དང་འོད་སྟོང་འབར་བའི་མ་འོངས་པ་བསྐྲུན་པའི་འབད་འཐབ་སྟོབས་ཤུགས་ལ་རོལ་མྱོང་བྱས།

ཚའེ་ཆི་དང་ཝང་དབྱི། ཁྲེན་རྨིན་ཨེར། ཝང་ཞའོ་ཧུང་སོགས་བྱ་འགུལ་ལ་ཞུགས།

དགའ་བསུའི་གསོལ་སྟོན་གྱི་སྔོན་ལ། སྐུ་མགྲོན་ཚོགས་ཐེན་ཅིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ལ་གཟིགས། །


  • 顶