
ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ། ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ། ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནས་བཟུང་ང་ཚོས་རྒྱལ་ཁའི་ངང་ཐུག་འཕྲད་ཐེངས་གཉིས་ལ་སྤེལ་ཏེ། ཀྲུང་ཅི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་འཆར་འགོད་བྱས་ཤིང་། ཕྱོགས་ཡོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨེར་ཅི་སི་སི་ཐན་ཕྱོགས་དང་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལག་གདང་སྦྲེལ་ནས་རྒྱལ་ཁབ་དེང་རབས་ཅན་དང་མི་རིགས་དར་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་དེ། ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གྱི་ལས་དབང་ཐུན་མོང་ཚོགས་པ་དམ་ཟབ་འཛུགས་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་ཕྱོགས་གཉིས་ཀྱིས་བདེན་སྲུང་གསར་གཏོད་དང་། གསར་གཏོད་ཡར་རྒྱས་བྱས་ཏེ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ཚོང་དོན་མ་འཇོག་ཆུ་ཚད་མཐོ་རུ་གཏོང་བ་དང་འབྲེལ་མཐུད་ཇེ་ཟབ་ཏུ་གཏོང་བ། ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ། ནུས་ཁུངས་གཙང་མ་དང་ལྗང་མདོག་གཏེར་ཁུངས། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། རིག་གནས་དང་ཡུལ་སྐོར། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་སེམས་འབྲེལ་འདྲིས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་རྒྱུན་འཛིན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་དེ་བས་གལ་ཆེན་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཅི་ཨེར་ཅི་སི་སི་ཐན་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།

ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ། ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ་ལ་ཐུག་འཕྲད་གནང་།
ཀྲ་ཕ་ལུའོ་ཧྥུ་ཡིས་བསྟན་དོན། ཀྲུང་གོ་ནི་ཅི་ཨེར་ཅི་སི་སི་ཐན་གྱི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན། ཀྲུང་གོར་གནའ་བོའི་གཏམ་དཔེ་ཅིག་ཡོད་པ་སྟེ།"ཁྱིམ་མཚེས་ལ་སྙིང་ཉེ་དང་བྱམས་བརྩེ་བྱེད་པ་ནི་རྒྱལ་ཁབ་ཀྱི་ནོར་བུ་ཡིན"ཞེས་པ་དེ་ཡིན། ཅི་ཨེར་ཅི་སི་སི་ཐན་གྱི་ཆེས་རྩ་ཆེན་གྱི་དགེ་མཚན་ནི་ཀྲུང་གོ་དང་ཁྱིམ་མཚེས་བྱེད་པ་དེ་རེད། དཀའ་ངལ་གྱི་དུས་སྐབས་གང་ཡིན་རུང་ཅི་ཨེར་ཅི་སི་སི་ཐན་ཕྱོགས་ལ་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་བརྟན་པོ་འོག ཀྲུང་གོར་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ནས་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་བྱས་ནས་ཀྲུང་གོ་ཕྱོགས་དང་ཕན་ཚུན་འབྲེལ་མཐུད་དང་། ནུས་རྒྱུ་གཙང་མ་དང་མིས་བཟོས་རིག་ནུས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཐའེ་ཝན་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་སྔར་བཞིན་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་གསར་པ་ཆེ་རུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བས། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།
ཕྱོགས་གཉིས་ཀྱིས་ཕན་ཚུན་འབྲེལ་མཐུད་དང་། མི་ཤུགས་ཐོན་ཁུངས། དམངས་སྤྱོད་མཁའ་འགྲུལ། ས་གནས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད།
ཚའེ་ཆི་དང་ཝང་དབྱི། ཁྲེན་རྨིན་ཨེར་སོགས་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba