ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

2025-09-01
318

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ།

《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་གྱི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་དང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས(འཆར་ཟིན)》ལ་ཞིབ་འཇུག་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ8པའི་ཚེས29ཉིན་གྲོས་ཚོགས་བསྡུས་ཏེ།《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་གྱི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས(འཆར་ཟིན)》ལ་ཞིབ་འཇུག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ལས་བསྟན་དོན། བསམ་བློ་ཆབ་སྲིད་ལས་དོན་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དང་། ཁྱད་ཆོས་མངོན་གསལ། ཆབ་སྲིད་ཀྱི་ལེགས་ཆ་འབུར་ཐོན་བཅས་ཡིན་པས། 《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་གྱི་སྲོལ་ཡིག》གཏན་འབེབས་བྱས་ནས་བཏོན་པ་དེས་ཏང་གིས་བསམ་བློ་ཆབ་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ། བསམ་བློ་ཆབ་སྲིད་ལས་དོན་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་དོན་སྙིང་གལ་ཆེན་ལྡན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བསམ་བློ་ཆབ་སྲིད་ལས་དོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་དགོངས་པའི་བློ་སྒྲིལ་སེམས་སྐྱེད་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་དང་། ཕུགས་འདུན་དད་སེམས་ཀྱི་སློབ་གསོ་ལྟེ་བར་བྱས་ཏེ། དོན་དངོས་དང་དམ་དུ་འབྲེལ་ནས་སློབ་གསོ་སློབ་སྦྱོང་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན་གཅིག་སྡུད་བྱེད་པ། ཡིད་ཆེས་སྲ་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་བློ་སྟོབས་སྐུལ་སློང་བཅས་སྔར་ལས་ལེགས་པོ་བྱེད་དགོས། དུས་བབ་གསར་པའི་འོག་གི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཀྱི་ཚོགས་སྤྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འཚམ་པ། བྱ་བའི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་དགོས། ཏང་གིས་བསམ་བློ་ཆབ་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་དགོས་པ་དང་། ཏང་ཨུ(ཏང་ཙུའུ)ཡིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ་ལག་བསྟར་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཡོན་ཡོངས་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། རང་ལུས་དཔེ་སྟོན་བྱས་ནས་བསམ་བློ་ཆབ་སྲིད་ལས་དོན་སྤེལ་ཏེ། བསམ་བློ་ཆབ་སྲིད་ལས་དོན་ལ་རྒྱུན་ཆད་མེད་པར་གསར་གཏོད་ཀྱི་རྣམ་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》བཟོ་བའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བྱེད་སྟངས་བརྒྱུད་དེ་ཏང་གིས་མི་རིགས་ལས་དོན་ཁྲོད་ཐོབ་པའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྲུབ་འབྲས་རྒྱལ་ཁབ་ཀྱི་འདོད་བློ་རུ་བསྒྱུར་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་པ་དེ་ཡིན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་སྟེང་བསྐྱོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོ་རྒྱ་ཁྱབ་ཏུ་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ། མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་བ་བཅས་ལ་སྔར་ལས་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་ཀྱི་གྲོས་གཞི་གཏན་འབེབས་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ཡག་པོར་བསྒྲུབ་ཏེ། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

གྲོས་ཚོགས་སྟེང་ད་དུང་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་སྔོན་འགོག་གི་ལས་དོན་སོ་སོར་སྔར་ལས་དམ་འཛིན་བྱེད་པའི་སྐོར་ནས་བླང་བྱ་བཏོན། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས། འཕེལ་རྒྱས་ཀྱི་བདེ་འཇགས་བློས་གཏོང་བྱ་རྒྱུ་དེ་རིན་དོད་བློས་གཏོང་དུ་བརྩི་མི་རུང་བའི་ཚད་མཐའ་དེ་དམ་པོར་སྲུང་དགོས། འགོག་ཟོན་གནད་ལ་འཁེལ་བའི་སྒོ་ནས་བདེ་འཇགས་ཉེན་ཁ་སེལ་བ་དང་། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བ། དུས་ཐོག་ཏུ་འོས་འཚམ་ངང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བཅས་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་སྔོན་འགོག་གི་ལས་དོན་སོ་སོ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་བྱས་པ་བརྒྱུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་ལེགས་པོ་བྱེད་དགོས།

གྲོས་ཚོགས་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །


  • 顶